R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༧
[A:༧༠༧]སོགས་འདུས་པའི་ཚོགས་ལ་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་འདི་ལ་ཚོགས་སློབ་གཉིས་ལས་ཚོགས་བཤད་ཀྱི་ཉམས་ཁྲིད་སྣང་གསུམ་སྐབས་བླ་མ་བརྒྱུད་པའི་རྣམ་ཐར་ཕལ་ཆེ་བ། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་སློབ་མ་རྗེས་འཛིན། ཡབ་རྗེ་རྡོ་རྗེ་འཆང་ཉིད་ལྗགས་བསྙེན་ཁ་གསོ་ཞག་བདུན་དང༌། དེ་རིང་སློབ་མས་བསགས་སྦྱང༌། སྐྱབས་སེམས་ཡིག་བརྒྱ་མཎྜལ་བཅས་ཐུན་བཞིར་བཅད་པའི་ཉམས་བཞེས་དང༌། དེ་ནས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པས་རྒྱུ་དུས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མཆོད་ཆས་ཟབ་མ་ཆོག་གྲྭ་དང་བཅས་པ་མཛད། དེ་ནས་རྒྱུད་གསུམ་གྱི་ཉམས་ཁྲིད་སྔོན་འགྲོ་རྣམ་གསུམ་དང༌། བླ་མའི་རྣལ་འབྱོར། དངོས་གཞི་ལྟ་ཁྲིད་དབང་བཞི་སོ་སོར་ལམ་ལྟ་བ། གྲུབ་མཐའ་མདའ་ཁ་མ། བར་དོ་འབྲས་བུ་དང་བཅས། མཐར་ཐུག་སྐུ་ལྔ་མངོན་དུ་གྱུར་ཚུལ་བར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་གསན་ཅིང༌། དེ་སྐབས་རྣམས་སུ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དང༌། དེས་མཛད་པའི་སྣང་གསུམ་སྐབས་ཆོས་བྱུང་ཚུལ་དང༌། ལམ་གྱི་ཁོག་ཕུབ་རྣམ་བཤད་སོགས་དང༌། རྒྱུད་གསུམ་སྐབས་དམ་ཚིག་རྣམ་བཤད། བུམ་དབང་གི་ལམ་ཕྱི་ནང་བསྐྱེད་རིམ་སྐབས་ཕྱི་དཀྱིལ་རྣམ་བཤད་གསང་ཆེན་བསྟན་པའི་འོད་ཕྲེང་ནས་དང༌། ནང་དཀྱིལ་དབུར་རྡོ་རྗེ་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ད་ལྟ་ལམ་དབང་དུ་གྲགས་པ་བཅས་