R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༩
[A:༧༠༩]བཅས་པ། སེང་གདོང་སྔོན་མོ། རྡོ་རྗེ་ཁྱུང་ཁྲ། ཛམ་དམར་སྲོག་སྒྲུབ་རྣམས་དང༌། མགོན་དཀར་ཡིད་བཞིན་ནོར་བུ་སོགས་ཀྱི་རྗེས་གནང་དང༌། དཔལ་ཆེན་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང༌། སྨད་ལས་དྲག་པོ་སྒྲོལ་དབང༌། ཉང་ལུགས་གུ་རུ་དྲག་དམར་གྱི་བྱིན་རླབས། འཁོར་ལོ་བདེ་མཆོག་སྤྱོད་པའི་རྡོ་རྗེ་ལུགས་ཀྱི་དབང་ཆེན། དྲིལ་བུ་ལུས་དཀྱིལ་གྱི་དབང༌། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་རིག་པའི་དབང༌། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་གྱི་དབང༌། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་སོགས་དང༌། གུར་གྱི་མགོན་པོའི་ཁྲོ་བཅུ་ཐུན་མོང་མ་ཡིན་པའི་རྗེས་གནང་སྔོན་འགྲོའི་རྡོ་རྗེའི་བྲག་རྫོང་མ། ཕྱི་ནང་གསང་གསུམ་གྱི་ཉམས་ཁྲིད། གསང་ཁྲིད་ལྷ་དགུའི་རྗེས་གནང་སྔོན་འགྲོ། དེའི་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་ཉམས་ཁྲིད། གཞན་ཡང་གུར་ལྷ་བརྒྱད་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས། ལྷ་བཅུ་གཉིས་ཐུན་མིན་གཉིས། ལྕམ་དྲལ་ལྷ་གསུམ། པུ་ཊའི་ཟུར་བཀའ། དུད་སོལ་ཕྱི་སྒྲུབ་དང་གསང་སྒྲུབ། ཟངས་གྲི་སྐོར་གསུམ། ཚར་ལུགས་ཞལ་བཞི་བསྙེན་དུས། དཀར་པོ་ཚེ་འཕེལ་རྣམས་ཀྱི་རྗེས་གནང༌། ཚེ་དབང་མདའ་འཕེལ་མ་དང༌། ཚེ་རྟ་ཟུང་འབྲེལ་གྱི་དབང༌། བྱད་གྲོལ་གསེར་ལྡེ་ཆོས་དབང་གཏེར་མ་དྲང་སྲོང་ལོག་འདྲའི་པ་ལའི་རིག་གཏད། གནོད་སྦྱིན་རྩིའུ་དམར་པོའི་སྲོག་གཏད་སོགས་མང་དུ་གསན། ལྕགས་བྱ་ལོ་ཡབ་རྗེ་རྡོ་རྗེ་འཆང་ཉིད་ལྷ་ལྡན་དུ། དགའ་འབྲས་དྲུང་གསུམ་དང༌། སེར་བྱེས་རྭ་