R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༠
[A:༧༡༠]སྒྲེང་སོགས་ནང་འཁྲུགས་སྐོར་ལ་བར་སྡུམ་དུ་ཆིབས་བསྒྱུར་སྐབས་དང༌། རྗེ་ཉིད་ནས་དབྱར་དགུན་ཆོས་ཐོག་ཕུར་མདོས་སྒྲུབ་མཆོད་སོགས་ལ་རྟག་པར་ཕེབས་ཤིང༌། དགུང་གྲངས་བཅུ་གསུམ་པའི་ཚེ་ཀྱཻ་རྡོ་རྗེའི་གཞི་བསྙེན་ཟླ་བ་དྲུག་ལྷག་ཙམ་དང་བཅུ་ཆའི་སྦྱིན་སྲེག་བཅས་མཐར་ཕྱིན་པར་མཛད་སྐབས་ཐུགས་ཉམས་འོད་གསལ་སོགས་ལ་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་བྱིན་རླབས་དང༌། གྲུབ་བརྙེས་ཀྱི་རྟགས་མཚན་མངོན་དུ་གྱུར་པ་གདོན་མི་ཟ་ཞིང༌། ཚུར་མཐོང་གདུལ་བྱ་རྣམས་ཀྱི་སྣང་ངོར་ཡང༌། སྔ་དྲོ་ཞིག་སྐྱ་ག་འདྲ་བའི་བྱ་ཞིག་གིས་ད་ལྟ་སྐུ་དྲག་རིམ་པ་བཞི་པའི་རྒྱག་བྱེད་མུ་མེན་གྱི་ཏོག་ཞིག་ཁྱེར་ཏེ། དཔྱད་རྒྱ་ཁང་གི་སྐར་ཁུང་གི་ཁྲ་མའི་སྟེང་བཞག་སོང་བའི་བརྡ་ཚིག་དཔྱད་དཀའ་ཡང་དོན་དུ་མུ་མེན་ནི་རིན་པོ་ཆེའི་རིགས་ཏེ། དེས་ན་བེམ་དངོས་གང་ལ་ཡང་ཏོག་གི་མཚན་པ་ནི་མཛེས་པའི་རྒྱན་དང༌། དེའི་རིགས་སུ་མཚོན་བྱེད་ཡིན་པ་བཞིན་དེས་ན་འདོད་འབྱུང་རིན་པོ་ཆེ་སྔོན་པོ་ནི། སྦྱང་གཞི་ཐ་མལ་པའི་ཞེ་སྡང་དག་པ་མི་བསྐྱོད་པའི་རིགས་སུ་གསུང་པ་བཞིན། དོན་དུ་དགེས་པ་རྡོ་རྗེ་མི་བསྐྱོད་པའི་རིགས་དང་རིགས་བདག་ཐ་མི་དད་པའི་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པའི་བརྡར་མཁའ་འགྲོ་མ་འཕུར་འགྲོའི་གཟུགས་ཀྱིས་དངོས་གྲུབ་སྒོ་སྐྱེལ་དུ་བྱུང་བ་ནི། ཤིན་ཏུ་ངོ་མཚར་བའི་རྣམ་ཐར་དུ་ངེས་སོ། །དེ་ལྟའི་ཏོག་འཁྲུལ་མེད་དེ་ནི་ས་མཛོད་ཚེ་བཀྲས་ལ་ཡོད་ཚུལ་གསུངས་འདུག སྐུ་མཚམས་བཅད་རྒྱ་གྲོལ་ནས་བསྙེན་སོང་རྒྱུགས་སྤྲོད་དུ་གྲགས་པ། གསང་