R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༦
[A:༧༡༦]གཞན་ཡང་དགོངས་རྫོགས་སྤྱི་དང་བྱེ་བྲག་མཛད་ཚུལ་རྣམས་རགས་ཙམ་མངྒ་མཚན་ཅན་གང་གི་རྣམ་ཐར་བཞིན་དང༌། སྐབས་འདི་སོགས་སྔ་ཕྱིར་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ལས་གསན་བཞེས་མ་གྲུབ་པའི། དམ་པ་རྣམས་ལས་སྔ་ཕྱི་གསན་བསམ་མཛད་པ་རྣམས་སྡེབ་གཅིག་ཏུ་བཀོད་ན་ཁུ་དབོན་རིན་པོ་ཆེ་བདག་ཁྲི་ཀུན་དགའ་བསོད་ནམས་ལས། དགེས་རྡོར་རྒྱུ་ལམ་གྱི་དབང་དང༌། རྟ་མགྲིན་ཡང་གསང༌། མགོན་པོའི་དབང་ཆེན་ལྔ༌། མགོན་པོ་མེ་འབར་ཁ་སྐོང༌། སྙན་བརྒྱུད། ཡང་སྐོང་དུད་སོད་སོགས་ཀྱི་ལུང་སོགས་དང༌། ཨ་ཎི་དྲུང་རྗེ་བཙུན་གྲུབ་མཆོག་སྐལ་བཟང་ཆོས་ཉིད་མ་ལ། ཚེ་དབང་ལྕགས་སྡོང་མ། གྲུབ་རྒྱལ་མ། ཚེ་རྟ་ཟུང་འབྲེལ། འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་གྱི་དབང་ཁྲིད། རྭ་པོད་རྣམས་ཀྱི་ལུང་དང༌། ལས་གཤིན་རིགས་གསུམ་རྗེས་གནང༌། དུག་དབང༌། ལས་གཤིན་ལྷ་བཅུ་གསུམ་གྱི་རྗེས་གནང་སོགས་ཆོས་སྐོར་ཡོངས་རྫོགས། གསེར་ཆོས་མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་དང༌། ནཱ་རོ་མཁའ་སྤྱོད་མའི་ཉམས་ཁྲིད་སོགས་ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས། བེའུ་བུམ་ལུང་སོགས་ཆོས་སྐོར་ཡོངས་རྫོགས་གསན། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ལམ་ནི་གུ་ཆོས་དྲུག་གི་བྱིན་རླབས་ཁྲིད་བཀའ་རྒྱབ་ཆོས་བཅས་ཆོས་སྐོར་ཡོངས་རྫོགས་གསན། ཟུར་བཀའ་གསན་གྲས་བདེ་མཆོག་དྲིལ་བུ་ཕྱི་དཀྱིལ་དང༌། དྲི་མེད་རྣམ་གཉིས། སྲུང་བ་ལྷ་ལྔ་བཅུ་རྩ་གཅིག མི་འཁྲུགས་ལྷ་དགུ། འཆི་མེད་རྔ་སྒྲ་ལྷ་བཅུ་གསུམ། ཐམས་ཅད་རིག་པ། གསང་