R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༧
[A:༧༡༧]འདུས་མི་བསྐྱོད་པ། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་རྭ་ལུགས། གཤེད་དམར་ལྷ་ལྔ། ཀྱཻ་རྡོར་བཀའ་བབས་བཞི། རིག་བྱེད་མ་ལྷ་ལྔ་རྣམས་ཀྱི་དབང་ཆེན། རྗེས་གནང་གསན་གྲས། རྣམ་རྒྱལ་ལྷ་དགུ། སྒྲོལ་དཀར་བཀའ་བབས་དགུ་ལྡན། སྨན་བླ་མཆེད་བདུན། དོན་ཞགས་ལྷ་ལྔ༌། ཐུགས་ཆེན་ཕྱག་ཆེན་ཟུང་འཇུག་བཅུ་གཅིག་ཞལ་དཔལ་མོ་ལུགས། ཀླུ་པའི་གསེར་ཆོས་སེང་སྒྲ། བཀའ་གདམས་ལྷ་བཞི། རྟ་ནག་ལྕགས་རལ་ཅན། འབྱུང་འདུལ་སེམས་དཔའ་སུམ་བརྩེགས། ཕྱག་རྡོར་ཨུ་ཙྱ། དུས་འཁོར་ནས་གསུངས་པའི་ལས་རྒྱས་པའི་ལྷ་གསུམ། གཙུག་ཏོར་འབར་བ། གཉན་སྒྲོལ་ཡན་ལག་དྲུག་པ། སྒྲོལ་མ་དམར་མོ་རྣམས་ཀྱི་རྗེས་གནང་ལུང་བཅས། མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲ་མན་ངག་ལུགས། ཁྱུང་དམར། ཁྱུང་ནག་རྣམས་ཀྱི་རྗེས་གནང་ཡིག་ལུང་བཅས། སེང་གདོང་མའི་རྗེས་གནང༌། ལས་ཚོགས་པོད་ལུང༌། སེང་གདོང་དམར་མོའི་རྗེས་གནང༌། རིག་བྱེད་མ་དང་ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཚོགས་བདག་ཕྱག་རྡོར། ཇོ་ལུགས་ཚོགས་བདག་དཀར་པོ། ནོར་རྒྱུན་མ་སེར་མོ། མགོན་དཀར་ཡིད་བཞིན་ནོར་བུ། ཛམ་སེར་ནག། གྲྭ་མངོན་ཛམ་དམར། གསེར་ཆོས་ཛམ་དམར་སྲོག་སྒྲུབ། ཇོ་ལུགས་ཛམ་དཀར། བེག་རྩེ་འཁོར་མང་དང༌། ལྕམ་སྲིང༌། དམག་ཟོར་མ་ལེགས་ལྡན་སྟག་ཞོན། ཚེ་རིང་མཆེད་ལྔ་རྣམས་ཀྱི་རྗེས་གནང༌། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད། ཞེན་པ་བཞི་བྲལ་ཀྱི་ཉམས་ཁྲིད་ཡིག་ལུང་བཅས།