R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༨
[A:༧༡༨]ལམ་འབྲས་ཀྱི་ཆ་ལག་གྲས། བླ་མ་རིན་འབྱུང༌། བིར་སྲུང་ཐུན་མིན་གཉིས། ཚར་གསུམ་ཁུག་པ། སྒྲུབ་པ་ལུང་སྦྱིན་རྣམས་དང༌། གླེགས་བམ་པོད་སེར་མའི་ལུང༌། མགོན་པོད་ཀྱི་ལྗང་པོད། དུར་བདག་བེའུ་སོགས་ཀྱི་ལུང༌། ཆོས་སྤྱོད་རབ་གསལ། རྩ་རྒྱུད་བརྟག་གཉིས། རྒྱུད་འདེབས་ཆེན་མོ། ཕུར་ཆེན། ཕུར་དཀྱིལ། ཕུར་ཆུང༌། གཏོར་བསྔོ་ཆེན་མོ། གུར་དྲག་འཕྲིན་གཞུང༌། དེའི་དབང་ཆོག་གཏོར་བཟློག ཕུར་བཟློག་ཕུར་སྲུང་བསྐུལ་བཟློག རྒྱ་གར་ཤེར་བསངས། དམག་ཟོར་མའི་དགོས་བསྐང༌། ཆ་ཀླུ། བུམ་སྒྲུབ། སེང་སྒྲའི་གདོན་གྲོལ། རི་ཁྲོད་མའི་བུམ་ཆོག་རྣམས་ལྷ་ཐིལ་སྤར་སྟེང་ནས་དང༌། ཀླུ་དབང་ལྷ་ལྔའི་ཆར་འབེབས། སྒྲོལ་མའི་རྨི་བརྟག ཀུན་བཀྲས་གསུར་བསྔོ་རྣམས་ཀྱི་ལུང༌། གཞན་ཡང་སོ་ཐར་གྱི་མདོ། ཚད་མ་ཀུན་བཏུས་ཕྱོགས་ཀྱི་གླང་པོས་མཛད་པ། བྱམས་ཆོས་སྡེ་ལྔའི་ནང་ཚན་མངོན་རྟོགས་རྒྱན་རྣམས་ཀྱི་ལུང༌། གསང་ཆེན་རྙིང་མའི་གྲས། བྱང་གཏེར་བྱིན་རླབས་ཐུགས་དབང་འབྲིང་པོ། ཐུགས་ཆེན་འཁོར་བ་དོང་སྤྲུགས་རྣམས་ཀྱི་དབང་སོགས་རྒྱ་ཆེན་གསན། རྗེ་བཙུན་ཨ་ལྕེ་དྲུང་སྐལ་བཟང་ཆོས་ཀྱི་སྒྲོན་མེ་ལས། གསང་འདུས་ཡེ་ཤེས་ཞབས་ལུགས་བཀའ་བབས་དྲུག་ལྡན་ཀྱི་དབང་ཆེན་གསན་པ་དང༌། མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ཆོས་འཕེལ་ལས་བྱ་རྒྱུད་གདུགས་དཀར་ལྷ་ཉེར་བདུན་མའི་དབང་ཆེན་གསན་ཅིང༌། དཔོན་སློབ་བཟོད་པ་ཕུན་ཚོགས་ལས། དགེས་རྡོར་རྒྱུད་ལམ་གྱི་དབང་དང་ཞལ་བཞི་རྣམ་འགྱུར་བཅུ་བདུན་གྱི་རྗེས་