R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༩
[A:༧༡༩]གནང༌། ཚེ་སྒྲུབ་གུར་བདུན་མ་དང༌། གསང་ཁྲིད་ཞལ་པོད་སོགས་ཞལ་བཞི་པའི་ཆོས་སྐོར་ཡོངས་རྫོགས་གསན། དཔོན་སློབ་ཤེས་རབ་ཕུན་ཚོགས་ལས་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་སོགས་གསན་པ་རྣམས་བསམ་བྱུང་གིས་སྒྲོ་འདོགས་གཅོད་པར་མཛད་ནས། བསྒོམ་པས་ཐུགས་ཉམས་སུ་བཞེས་ཚུལ་རྣམ་ཐར་འདི་ཉིད་ཀྱི་གོང་འོག་སྔ་ཕྱིར་གསལ་བ་བཞིན་དང༌། ལོ་འདིར་གོང་ལས་རིམ་གྲོ་ཞལ་བཞི་བསྙེན་སྒྲུབ་ལས་གསུམ་རྣམས་ཕྱི་ལོར་མཛད་རྒྱུ། འདི་ལོ་བསེ་ཁྲབ། ཕུན་ཕོ། ལྷ་མོ་རྗེ་ཁོལ་སོགས་ཀྱིས་རྡོར་སློབ་སོགས་གནང་ཞིང༌། དེ་ནས་འདི་སྐབས་ཙམ་ལ་ཡིན་ནམ་སྙམ། དབུས་ནས་ལྷོ་བྱང་སོགས་ལ་ཁྱུག་ཙམ་ཆིབས་བསྐྱོད་གནང་ཚོད་ཀྱི་གཞན་པའི་ལོ་རྒྱུས་ཟིན་ཐོ་སོགས་མ་རྙེད། ལྷ་ལྡན་དུ་བཞུགས་མཚེར་རྡོ་རིང་དུ་བཞུགས་ཤིང་གོང་ས་རྒྱལ་དབང་མཆོག་སོགས་རྩེ་ཤོད་ཀྱི་མཇལ་ཕྱག་གྲུབ་ནས། བསམ་ཡས་སུ་ཕེབས་སྐབས་ཆོས་སྐྱོང་སྐུ་ཕེབས་ཞུ་དགོས་གསུངས་པ། མཁན་ཆོས་དང༌། བསམ་ལྕོག་ལས་སྣེ་རྣམས་ནས་རྒྱལ་ཁབ་ནས་ཐོང་འཛིན་མེད་པ་སྐུ་ཕེབས་ཞུ་སྲོལ་མེད་ལུགས་ཞུས་རྐྱེན། རྗེ་ཉིད་ཅུང་ཟད་ཐུགས་འུར་ཉམས་ཀྱིས་གདོན་འདྲེ་དངོས་དང་འཕྲད་པ་ཞིག་བསྟན་འགྲོ་སྤྱི་བྱེ་བྲག་གི་དོན་དུ་མ་བགྱིས་མཐུ་མེད་ཡིན་ཡང༌། གཞུང་ས་ནས་ཐོང་འཛིན། ཕེབས་སྲོལ་མེད་ན་ད་ཀ་རེད་བློ་བསད་བགྱིས་ཆོག་གསུངས་པ། དུམ་ཙམ་ནས་མཁན་ཆས་སྐུ་ཆས་སོགས་བཞེས་ལོང་མེད་པར་ཆོས་སྐྱོང་ཕེབས་བྱོན་ཏེ། ས་སྐྱ་གདུང་སྲས་ད་ལྟ་གདན་དྲངས་ན་དེ་ཡིན། དེ་