R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༠
[A:༧༢༠]མིན་ཀུན་ལ་མི་ལེགས་པ་ཡོང་ངེས་གསུངས་པ། ལྕོགས་མགྲོན་གཉེར། མཁན་ཚང་སྡེ་པ་སོགས་ཁ་བཏགས་དང་བཅས་རྒྱུགས་ཏེ་ད་ལྟ་ཕེབས་རོགས་གནང་ཞུས་ཡོད་ཚོད་ཀྱང༌། རྗེ་ཉིད་ནས་ད་ཅི་གནས་ཚུལ་རྣམས་ཅུང་ཟད་བཀའ་བཀྱོན་རིང་ལ་ཆོས་སྐྱོང་བཞུགས་གནས་སུ་ཤར་བསྐྱོད་ཀྱིས་དབུ་བཏུད་དེ་བཀའ་བསྒོ་སོགས་ཞུས་ཚུལ་དང༌། གང་བསྒོ་བའི་ལས་འདུག་འདྲེས་སྒྲུབ་ཆོག་གསུངས་ཚུལ་དེ་སྐབས་ཀྱི་བན་ཚང་པ་སོགས་ཞབས་འབྲིང་རྫུན་མི་ཟེར་བ་དག་གི་ངག་ལས་ཡང་ཡང་ཐོས་པ། འདི་ནི་ཆོས་སྐྱོང་གནོད་སྦྱིན་ཆེན་པོ་འདི་ཉིད་ཡབ་རྗེ་གྲུབ་པའི་དབང་ཕྱུག་འདི་ཉིད་ལ་ཤིན་ཏུ་དགའ་བས་གོ་རེ་ལན་གྱི་ཞབས་ཏོག་སྒྲུབ་པའི་ཚུལ་དུ་སྣང་། དེ་ནས་ལྷོ་གནས་རྣམས་ལ་ཕྱག་མཆོད་སྦྱིན་བདག་དད་ཅན་གྱི་རེ་སྐོང་རྣམས་གྲུབ་ནས། གདན་སར་མེ་ཡོས་ལོ་ཙམ་ལ་སྔོན་དུ་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་བཞུགས་སྐབས་ཕལ་ཆེར་སྒྲིགས་ཚོམས་གྲུབ་པ་བཞིན། རྗེ་བཙུན་ཨ་ལྕེ་དྲུང་སོགས་ཞལ་མོལ་གྱིས་བདག་ཅག་རྣམས་ཀྱི་མ་ལགས་དེ་ཉིད་གང་གི་གཟུང་མར་སྔོན་སྲོལ་བཞིན་གསང་སྟབས་ཀྱིས་ཕེབས་ཏེ། གཟའ་ཚེས་དང་བསྟུན་རྒྱལ་བ་ཚེ་མཐའ་ཡས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྩལ་ཏེ། འཆི་མེད་ཚེ་དབང་རིག་འཛིན་དཔལ་གྱི་བུ་ཁྲིད་ཅེས་མཚན་གྱི་མངའ་གསོལ་མཛད། འདི་ཉིད་ཀྱི་རིགས་རུས་ནི་ལྷ་རི་རྩེ་པ་ཞེས་སྔོན་དུས་རྒྱལ་བ་ཙོང་ཁ་པའི་ཡབ་ཀྱི་རིགས་རུས། མདོ་སྨད་ངོས་ནས་གྱར་བ་ཞིག་ཡིན་པར་གསུང་རྒྱུན་དུ་སྣང་ངོ། །འདི་ལོ་དཔོན་སློབ་བཟོད་པ་ཕུན་ཚོགས་ལས་གཉན་མགོན་ཞལ་