R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༡
[A:༧༢༡]གྱི་ཆོས་སྐོར་རྣམས་གསན་ཚུལ་གོང་བཞིན་ལ། དཔོན་སློབ་དེ་ཉིད་ནས་ངོས་ཀྱི་རྨི་ལམ་དུ་ངོས་རང་གི་བླ་མ་སྔགས་འཆང་ཀུན་དགའ་རིན་ཆེན་དེ་ཉིད་ནས། ཁྱི་ནག་སྙིང་དཀར་ཆེན་པོ་ཞིག་ལ་གཟུངས་སོ་བགྱིས་པ་ཡིན་གསུངས་ནས། དར་ཚོན་སྣ་ལྔ་མང་དུ་སྒྲོན་པར་མཛད་པའི་སྣང་བ་བྱུང་བས། ད་ལམ་བཀའ་ཆོས་ཕུལ་རྒྱུ་འདི་ལ་བར་ཆད་མེད་ཅིང་ལེགས་པར་འོང་གསུངས་ཏེ། གནང་ཚུལ་དང༌། གྲོལ་ཉིན་ཚོགས་འཁོར་རྒྱས་པ་གནང་བར་དཔོན་སློབ་དེ་ཉིད་བཞེས་མཆོད་ཁྲུང་ཐལ་སོགས་ཀྱིས་བཀང་ཏེ་བཞེས་མུར་མ་ལེགས་དེ་ཉིད་ནས་ཆིབས་རྒོད་མ་ཞིག་ལ་རྟེའུ་སྐྱེས་པ་མིང་དང་ཉེས་སྐྱོན་ཡོད་མིན་སོགས་ཞུ་གནང་ལ་ཕྱག་མཛུབ་སོགས་ཨ་ལོག་གོས་པའི་ཕྲེང་མོ་མཛད་ཚུལ་གྱིས་མིང་ལ་བསམ་གྲུབ་གྱིས་དཔེ་ལྟ་བུ་ཡོང་གསུངས་ཤིང༌། དེ་ཁོ་ན་བྱུང་ཚུལ་གསུངས། དེ་ནས་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཞབས་ལྷའི་གཟིམ་ཆུང་མགོན་ཁང་དུ་གཉན་མགོན་གྱི་བཅད་རྒྱར་བཞུགས་པར་ཉིན་གཅིག་མ་ལེགས་དེ་ཉིད་ཀྱི་མནལ་ལམ་ལྟ་བུར་མི་ཨ་ཙ་ར་འདྲ་བ་ཞིག་ནས་ཐུ་བའི་ཁུད་དུ་ཉོར་ཉོར་ཞིག་ཁུར་ནས་བཅད་རྒྱ་ཁང་ལ་འགྲོ་གྲབ་བགྱིད་པ་ཡུམ་ཉིད་ནས་གང་རེད་གསུངས་པས་ཐུ་བ་ཁ་ཕྱེས་ཏེ་བསྟན་བྱུང་བ། བཅད་མ་ཐག་པའི་ཤ་ཁྲག་གློ་སྙིང་སོགས་སུ་སྣང་བར་སྒོ་ཕྱེ་ནས་མཚམས་ཁང་རང་ལ་སོང་གསུངས་པ་སོགས་དྲག་པོའི་རྟགས་མཚན་བརྙེས་ཚུལ་ཡང་མང་དུ་སྣང་བ་བཅས། མཚན་དུས་གྲངས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་ནས། དཔལ་མགོན་ཞལ་གྱི་ཟོར་འཛིན་དང༌། ནག་ཟླའི་ནང་དམ་ཚིག་བསྐང་གསོའི་སློབ་