R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦
[A:༦༦]བྱེད་ངོ་སྤྲོད་ཚུལ་སོགས་སློབ་བཤད་ཀྱི་ཁྱད་ཆོས་རྣམས་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་འཇིགས་བྱེད་བཅུ་གསུམ་མའི་དབང་བཤད་བཞིན་དང༌། འཇམ་དབྱངས་མཁྱེན་བརྩེའི་ཟིན་ཐོ་བཞིན་ཨཥྚཱའི་བཟླས་ལུང་དང་བཅས་པ་གསན། དེ་ནས་དབང་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་མི་ཉམས་ཤིང་སྲུང་ཚུལ་སྟོན་པ་རྗེ་བཙུན་རིན་པོ་ཆེ་རྩ་ལྟུང་འཁྲུལ་སྤོང་གླེགས་བམ་པོད་སེར་མའི་དཀར་ཆག་གི་ཟིན་པ་དང༌། བདག་ཆེན་རྡོ་རྗེ་འཆང་གི་འཁྲུལ་སྤོང་རབ་གསལ་རྣམས་ལ་གསུང་བཤད་རྒྱས་པ་ས་གཞུང་སྤེལ་བའི་ལུང་དང་བཅས་པ། དམ་ཚིག་སྐོར་ལ་དོགས་པ་བཅད་པ། པཎ་ཆེན་ཤཀ་མཆོག་གིས་མཛད་པའི་སྟེང་ནས་མཐའ་དཔྱད་རྒྱས་པར་སྩོལ་བ་གསན། རྒྱུན་དུ་བཟའ་བའི་བདུད་རྩི་རིལ་བུ་སྒྲུབ་ཚུལ་རྗེ་བཙུན་གྱིས་མཛད་པའི་གསལ་བྱེད་བདག་ཆེན་རྡོ་རྗེ་འཆང་གིས་བཛད་པ། ཁྱད་པར་གྱི་ཟ་བའི་དམ་ཚིག་ཚོགས་འཁོར་འབྲིང་པོ་རྗེ་བཙུན་གྱིས་མཛད་པ། རྩོད་སྤོང་ས་པཎ་གྱིས་མཛད་པ། འཕགས་པས་མཛད་པ་ཚོགས་འཁོར་བདུད་རྩི་བུམ་པ། ཁྱབ་བདག་བཀའ་འགྱུར་བས་མཛད་པའི་ཚོགས་འཁོར་ཆོག་ཁྲིག་མ། རྗེ་བཙུན་གྱི་ཧེ་རུ་ཀའི་ཆས་དྲུག་གི་ཡི་གེ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་ཆོས་ལ་འཇུག་པའི་སྒོ་སོགས་ཆོས་ཉན་པའི་ཀུན་སྤྱོད་སྟོན་པ། མངོན་རྟོགས་ཡན་ལག་བཞི་བ་རྩེ་མོས་མཛད་པ། མངོན་རྟོགས་འབྲིང་པོ་ཡན་ལག་དྲུག་པ་རྗེ་བཙུན་གྱིས་མཛད་པའི་ཚིག་སྣ་རིང་ཐུང་གཉིས་ཡོད་པ་ལས་ཐུང་བ། དེས་མཛད་པའི་བདག་མེད་མའི་མངོན་རྟོགས།