[A:༦༧]སློབ་དཔོན་བསོད་ནམས་རྩེ་མོའི་དབང་ཆུ་ཆེན་མོ། དེས་མཛད་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་ཞིབ་ཏུ་བསྟན་ཅིང་རྣམ་གཞག་མདོར་བསྡུས་པ། དེ་ལས་འཕྲོས་པའི་ལས་བཞིའི་སྦྱིན་སྲེག་ཆོ་ག་མདོར་བསྟན་ཅིང་རྣམ་གཞག་རྒྱས་པ་རྗེ་བཙུན་གྱིས་མཛད་པ། དེས་མཛད་པའི་དུས་མཐའི་ཆོ་ག སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་རབ་གནས་བཟང་པོ་དྲུག་པ། རྗེ་བཙུན་རིན་པོ་ཆེ་ནས་མཛད་པའི་རབ་གནས་དོན་གསལ་རྣམས་ཀྱི་ལུང༌། དབང་གི་ཡེ་ཤེས་ལ་ལོག་རྟོག་འགག་ཅིང་འོག་ནས་འབྱུང་བའི་ལམ་ཐམས་ཅད་སྐྱོན་མེད་དུ་སྒྲུབ་སླད། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ལྟ་བའི་ཁྲིད་ས་གཞུང་སྤེལ་བའི་བཤད་པ། ལམ་ཙམ་མ་ཡིན་པ། འཁོར་འདས་དབྱེར་མེད་རྩ་འགྲེལ་དང་བདག་ཆེན་རྡོ་རྗེ་འཆང་གི་ཁྲིད་ཡིག་དང་བཅས་པའི་སྟེང༌། སེམས་ཚོལ་སོགས་སློབ་བཤད་ཐུན་མོང་མ་ཡིན་པའི་ལུགས་ལྟར་རིག་ཐོག་ཏུ་བརྡར་ཤ་བཅད་མ། ཐབས་རྒྱུད་དབང་བཞི་དང་རྗེ་འབྲེལ་ལམ་གྱི་ཐོག་མ་རྗེ་བཙུན་རྡོ་རྗེ་བདག་མེད་མའི་དབང་བཞི་ཡོངས་རྫོགས་བཟླས་ལུང་བཅས། གོང་དུ་ཐར་རྩེ་རྗེ་དང་འོག་སརྒ་བཅུ་གསུམ་པར་སེངྒེ་རྒྱལ་མཚན་ལས་གསན། བུམ་དབང་དང་འབྲེལ་བ་ཕྱི་བསྐྱེད་རིམ་སེམས་འཛིན་གྱི་ཉམས་ཁྲིད་ཤིན་ཏུ་སྨིན་པ་གསལ་སྣང་མ་ཐོབ་པར་སྒོམ་པར་མཛད་ཅིང༌། དེའི་རྒྱབ་རྟེན་དུ་ཆོས་རྗེ་བླ་མ་དམ་པས་མཛད་པའི་མངོན་རྟོགས་ཡན་ལག་དྲུག་པ། མུས་ཆེན་གྱི་མངོན་རྟོགས་ཡན་ལག་དྲུག་པ་བྱ་བྲལ་མར་གྲགས་པ། དེས་མཛད་པའི་དབང་ཆུ་གསལ་བའི་མེ་ལོང༌། དེས་