R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༦
[A:༧༢༦]འདི་ལོར་དགེ་ཟུར་ནུབ་ལ་ར་སྤེལ་བའི་བཀའ་འགྱུར་ཚང་མ་གླེགས་ཤིང་གླེགས་ཐག་བཅས་ཆ་ཚང་འདི་བཞིན་སྤུས་གཟིགས་ཀྱིས། མེ་གླང་དབྱར་ལྷ་ཆེན་དྲུང་རམས་པ་འགའ་ཞིག་ནས་སྤོས་སྣ་དང་བཅས་གདན་ཞུས་ཀྱིས་སྔོན་གྱི་མཇལ་ལྷར་མཆོད་ཚོགས་དང་བཅས་བཞུགས་སུ་གསོལ་ཞིང༌། བཀའ་འགྱུར་མཚལ་སྤར་འདི་བཞིན་རྩ་བ་ནི་སྡེ་དགེ་ནས་ས་སྐྱར་སྤར་ཕུད་དུ་ཕུལ་ཚུལ་དང༌། དེ་ནས་ར་སྤེལ་བའི་མཛོད་པ་ཞིག་བྱུང་བར་གསོལ་བསྩལ་ལམ་སྤུས་ཞུས་གང་རུང་ཞིག་ཡིན་ཚུལ་གླེང༌། མེ་བྱིའི་སྟོན་ཡབ་རྗེ་མཆོག་ནས་འཇམ་དབྱངས་རྩོད་རྒྱལ་མ་གདན་ཞུས་ངོས་རང་གནས་སློབ་ཁ་ལུག་ཆོས་བསྟན་འཛིན་བཅས་ལ་སྨྲ་སེང་རྗེས་གནང་བསྩལ། ཀ་དཔེ་གསེར་བྲིས་མའི་སྟེང་ནས་ཡི་གེའི་མ་མོ་སློབ་གནང་མཛད། མེ་གླང་དབྱར་འདི་གར་སྔོན་དུས་སྡེ་ཡང་ཕྱི་མ་དེ་ཉིད་ཀྱང་ལྗོན་ཤིང་གིས་གང་བའི་དབུས། བདག་ཁྲི་བཀྲ་ཤིས་རིན་ཆེན་དེ་ཉིད་རྩ་རླུང་འཕྲུལ་འཁོར་ལ་མངའ་བརྙེས་པ་བྱུང་ཚོད་ཀྱིས་འཕྲུལ་འཁོར་ལྷ་ཁང་ཞེས་པ་སོགས། ཞིག་རལ་གྱི་ད་ལྟའི་སྡེ་ཡང་དེ་བཞིན་དུ་གཏོང་གནང་གིས་ནུབ་འཁྱུད་བཀའ་འགྱུར་ཚོགས་པ་འོག་ཁང་ཀ་བ་ཉི་ཤུ་རྩ་གྲངས་ཀྱི་ས། ཕུན་ཕོ་བཞིན་གསར་བསྐྲུན་དང་བྱང་འཁྱུད་འདིར་འཆམ་སོགས་ཐོན་པ་ས་ཚོགས་བཞིན་དང༌། གཟིགས་ཁྲ་ཁང་བཅས་བཟོ་གནང་གིས་ས་སྟག་ནས་བཟུང་འཆམ་གཟིགས་བཀའ་འགྱུར་གསུང་སྒྲོགས། གཏོར་བཟློག་གར་འཆམ་བཅས་སྒྲོལ་ཕོ་རང་དུ་སྟབས་བདེ་བས་གནང་རྒྱུའི་དགོངས་བཞེད་ལྟར་ཚོན་རྩི་སོགས་ལམ་ཟིན་གྱིས་ས་སྟག་ཟླ་བ་གསུམ་པའི་