R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༧
[A:༧༢༧]ནང་ཐོག་མར་ཚུགས་པ། དེ་སྐབས་ཟོར་འཛིན་སོགས་སློབ་དཔོན་ནི་ཁུ་བོ་རིན་པོ་ཆེ་མཆོག་ནས་མཛད་ཅིང༌། བདག་ཁྲི་ཀུན་དགའ་བསོད་ནམས་མཆོག་ཀྱང་ཚོགས་ཕེབས་མཛད་ཅིང་ཟོར་འཕེན་ཉིན་ལྔ་ཐོག་ཚོགས་ཕེབས་དང༌། དེ་ནས་གཟིགས་ཁྲ་ཁང་དུ་བཞུགས་ཏེ་ངོས་རང་ཕྲུ་གུར་སོང་བས་འབག་འཆམ་རྣམས་ལ་རེ་རེ་བཞིན་འདི་དང་འདི་བཞིན་རེད་གསུངས་པ་དྲན་ཚོར་གསལ་བ་དང༌། ཚོགས་གུར་དང་འབག་ཁང་ཅུང་ཟད་འགྱངས་ཆེས་པ་ལྟ་བུའི་སྐྱོན་ལས་གཞན་ཚང་མ་གང་ལེགས་བྱུང་ཚུལ་གླེང༌། ས་ཡོས་ལོ་ཡི་དཔྱིད་རྡོ་རྗེ་ཚེར་མའི་ནད་རིམ་གྱིས་ལྷ་ཆེན་དྲུང་རམས་པ་ཡང་ཉིན་གཉིས་ཙམ་ཉོར་སྦུག་ཏུ་ཕེབས་དགོས་ཀྱི་རྐྱེན་འདས་སོགས་ཚང་མ་འཇིགས་ཤིང་ཡ་ང་བ་ཞིག་བྱུང་སྐབས་དང༌། ངོས་རང་ནས་རྩ་རྒྱུད་བརྟག་གཉིས་རྒྱུགས་སྤྲོད་ཕུལ་ཏེ། རྒྱུད་འདོན་ཟབ་མ་སོགས་ལ་ཚོགས་སྐྱེད་དང༌། འདི་ལོ་ཀྱཻ་རྡོ་རྗེ་སྒྲུབ་མཆོད་གཏོར་བསྔོ་ཆེན་མོ་སོགས་རྒྱུགས་སྤྲོད་ལས་ཚན་པར་ཕུལ་བ་ལས། ནད་ཆེན་སྟབས་སྐུ་ངོ་བཞེས་མཁན་མ་བྱུང་བ། ཚོགས་སྐྱེད་བླ་མ་དམ་པ་ལ་བྱས་པ་ཡིན་ནམ་སྙམ་དྲན་ཚོར་གསལ་བ་མི་འདུག ཡོས་ལོར་ཕུར་སྒྲུབ་ཟབ་མ་ངོས་རང་ཐོག་མར་བསྐྱོད་སྐབས་རྡོ་རྗེ་སློབ་དཔོན་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་མཛད་ཅིང༌། འདིའི་སྔོན་ཙམ་བདག་ཁྲིར་སྙུང་གཞི་གདུག་པ་ཅན་ཞིག་བཞེས་ཏེ་ཚོགས་ཕེབས་སོགས་ཕྱིར་ཕེབས་ཆེར་མ་གནང༌། འབྲུག་ལོ་གནམ་རྒྱུ་སྒར་དཔོན་ནས་གདན་ཞུས་ཀྱིས་ཆིབས་བསྒྱུར་ཏེ་ལྷོ་རྩ་ཁོག་འགྲིག་སོགས་འགོ་ཡུལ་སྟོད་གསུམ་ངོས་དང༌། རྒྱལ་