R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༨
[A:༧༢༨]རྩེ་སོགས་བརྒྱུད་བྱང་ཕེབས་གནང་ངམ་སྙམ་ཞིང༌། ཕེབས་འགྲུལ་སྔ་ཕྱིར་གནམ་རུ་སྒར་དཔོན་རྟམ་ཚིང་ཞེས་པས་དད་འདུན་རྩེ་གཅིག་པས་ནོར་བརྒྱ་འབུལ་སོགས་ཕུལ་ཚུལ་གླེང༌། ཟླ་བ་བཅུ་པའི་ནང་ཆིབས་འཁོར་ཏེ་འདི་ལོ་དགུན་བཞུགས་སྒྲོལ་ཕོར་གནང༌། ཆུ་རྟའི་དཔྱིད་གོང་དཀར་སྤྲུལ་སྐུས་ཞུས་ངོར། རྗེ་བཙུན་ཊཱ་ཀི་གཙོ་མོ་སྐལ་བཟང་ཆོས་ཀྱི་ཉི་མས་སྤྱི་བཀའ་རྡོ་རྗེ་ཕྲེང་བའི་དབང་གནང་བར། ཡབ་རྗེ་མཆོག་དང་ངོས་གཉིས་ཆར་ཡོད་ཀྱང་སྐེད་ཙམ་ནས། བཀའ་དབང་ཞུ་མིའི་ཁྲོད་ན་འགའ་རེ་ནད་ངན་ཞིག་ཡོད་ཚུལ་གསན་ཐོས་ལ་ཆོས་ཟབ་བདུད་ཀྱི་དཔེར་སོང་སྟེ། དབང་འཕྲོས་ཞུ་གནང་མཛད་མ་སོང༌། དེ་གྲོལ་ནས་གོང་སྤྲུལ་ནས་གསོལ་བཏབ་ཀྱིས་ངོས་དང་སྲིང་མོ་པདྨ་འཕྲིན་ལས། གོང་སྤྲུལ། གུ་རྞ་སྤྲུལ་སྐུ། དཔོན་སློབ་བློ་ཆོས་ཕུ་རི་བླ་མ་བཅས་ལ་ཡབ་རྗེ་རྡོ་རྗེ་འཆང་ནས་མགོན་པོའི་ཆོས་སྐོར་ཁྲོ་བཅུ་ཐུན་མོང་མ་ཡིན་པའི་རྗེས་གནང་སྲུང་འཁོར་རྡོ་རྗེ་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཉམས་ཁྲིད་གུར་ལྷ་བརྒྱད་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་ལྷ་བཅུ་གཉིས་མ་ཐུན་མིན་གཉིས་པུ་ཏྲའི་ཟུར་བཀའ། བྲན་བདུད་ཐུན་མིན་གཉིས། བེར་ནག། རྩེར་བུ་རྣམས་གྱི་རྗེས་གནང༌། གསང་ཁྲིད་ལྷ་དགུའི་རྗེས་གནང༌། རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་ཉམས་ཁྲིད། མགོན་པོད་སྙན་བརྒྱུད་གླེགས་བམ་གྱི་ལུང༌། དུད་སོལ་ཕྱི་སྒྲུབ་དང༌། གསང་སྒྲུབ་གྱི་རྗེས་གནང་སོགས་བསྩལ་བ་གསང་ཁྲིད་སྐབས་ཁ་ལུག་མཁན་པོ་ཡང་ཕེབས། ལོ་དེའི་ཟླ་བ་བཞི་པའི་ཚེས་ལྔ་ལ་བདག་ཁྲི་