R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༢༩
[A:༧༢༩]ཀུན་དགའ་བསོད་ནམས་དག་ཞིང་དུ་ཕེབས། ཡབ་རྗེ་མཆོག་མཆོད་ཚོགས་དང༌། ཡུམ་སྲས་རྣམས་ལ་ཐུགས་གསོལ་འབུལ་བར་ཕེབས་པར་གང་ཅི་བཀའ་བཀོད་མཛད་ཚུལ་གནང༌། དེ་ནས་སྐུ་སྤུར་ཕེབས་སྐྱེལ་སོགས་ལའང་ཕེབས། ཟླ་བ་ལྔ་པའི་ནང་ཕུན་ཕོར་དགོངས་རྫོགས་ཀྱཻ་རྡོ་རྗེ་སྒྲུབ་མཆོད་ཀྱི་སློབ་དཔོན་ཟླ་བ་བརྒྱད་པའི་ནང་དུ་གདུང་རྟེན་རབ་གནས་རབ་སྟོན། གོས་སྐུ་ཞལ་ཕྱེ་ཕྱི་སྐོར་མེ་ཏོག་བཅས་པར་ཡང་ཡབ་རྗེ་རྡོ་རྗེ་འཆང་མཆོག་ནས་མཛད། ཟླ་བ་བཅུ་པའི་ནང་འདི་ལོར་དགུན་བཞུགས་ཞབས་ལྷར་གནང༌། ས་སྐྱ་པཎྜི་ཏའི་དུས་ཆེན་དང་བསྟུན་ངོས་རང་སྡོམ་གསུམ་རབ་དབྱེ་ཐོག་མར་འགྲོ་སྐབས་དང༌། ལུག་ལོ་ཟླ་བ་དང་པོའི་ནང་གཟའ་ཚེས་དགེ་བར་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་མ་ལགས་ངོས་རང་རིགས་སྲས་མཆེད་རྣམས་དང༌། གསོལ་གཟིམ་ཕྱག་གཉེར་དྲུང་རིགས་སོགས་གཞི་ཐོག་ཏུ་ཕེབས་པར། ཕྱག་གཉེར་ནས་གདན་ཡོལ་ལྕོག་རྩེ་སོགས་གང་འཚམ་གསར་བཟོ་ལས་རྙིང་གྲས་རྣམས་ནི་ཕུན་ཕོའི་སྒོ་ནས་ཤག་ཕན་ཆད་བསྡུ་གསོག་མཛད་ཚུལ་གླེང་བ། གསང་འདུས་ཀྱི་གཞལ་ཡས་ཁང་དང་འདྲ་བར་སྣང༌། གསེར་ཕྲར་ཕྱག་གཉེར་སོགས་ནས་ཇ་འབྲས་ཐོག་པ་མཛོད་བསམ་བརླིང་ལྟེ་བའི་ཆོས་དཔལ་ནས་རྒྱུ་རྐྱེན་ཞིག་ཀྱང་སྙན་ཕུལ་སོང་བ། ཡབ་རྗེ་མཆོག་ནས་བཀའ་ལན་ཀྱང་མང་དུ་གནང་སོང་བར་ཇི་ཡིན་མ་ངེས། ཟླ་བ་གཉིས་པའི་ནང་སྒོ་སྤེལ་ཨ་ལྕེ་ལ་ཞིང་བརྗེས་པར་ཡབ་རྗེ་སྐུ་མཆེད་མ་ལགས་བཅས་ནས་ཞབས་ལྷར་ཕེབས་ཏེ་དགོངས་རྫོགས་སོགས་མཛད། དེ་ནས་སྒྲོལ་ཕོར་ཕེབས་ཏེ་