R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༡
[A:༧༣༡]བའི་ལས་ཚན་རྣམས་གཟབ་མཆོར་དང་གཞི་ཐོག་ཏུ་ཕེབས་བསུ་བཅར་བ་དང་མཉམ། བརྩེ་ཆེན་ཐུགས་རྗེའི་རང་གཟུགས་ཕྱག་ན་པད་དཀར་འཆང་བའི་ངོ་བོ་ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་སྙིང་པོ་མཆོག་དང་། གསང་བདག་རྡོ་རྗེ་འཛིན་པའི་རང་གཟུགས་གསང་བདག་དཔལ་ཆེན་འོད་པོའམ་མཚན་གཞན་བྱམས་པ་ཀུན་ཏུ་བཟང་པོ། ཕྱག་ན་ཨུཏྤལ་སྔོ་ལྡན་ཟུར་ཕུད་ལྔ་པའི་ངོ་བོར་འཁོན་གདུང་འཛམ་གླིང་དབང་སྡུད་དམ་དྲག་ཤུལ་ཡོན་ཏན་རྒྱ་མཚོ། འཇམ་དཔལ་དངོས་གྲུབ་རྒྱ་མཚོ། ཡོན་ཏན་གྱི་དྲི་མས་དབེན་ཀྱང་འཁོན་གྱི་རིགས་ཙམ་དུ་གྱུར་པ་ཁོ་བོ་ངག་དབང་དྲག་ཤུལ་འཕྲིནལས་རིན་ཆེན་ཏེ། ངོས་རྣམས་གཟབ་གྱོན་སྟེང་ཆོས་གོས་མེ་ལོང་མ་ས་ཞྭ་ལག་རྐྱངས་རྣམས་ནས་གཞི་ཐོག་ནས་ཕེབས་པ་ཉེ་ལོགས་རྣམས་སུ་མཛོད་པ་སོགས་དྲུང་རིགས་ཕྱག་འདེགས་པ་དང༌། གདིང་བ་དང༌། སྤོས་ཕོར། གདུགས་སོགས་ལག་འཁྱེར་གྲས་གྲངས་མེད་པ་རྣམས་ཀྱིས་མཐའ་བསྐོར་བའི་མཇུག རྗེ་བཙུན་མ་ཡུམ་སྐུ་ཞང་གྲས་མཁན་པོ་ཁྲི་གདན་ཟུར་པ་རྣམས་དང༌། བན་ཚང་པ་གཞོན་གྲས་མཎྜལ་བློས་བླང་རྒྱ་གླིང་སོགས་ལག་འཁྱེར་ཡོད་མེད་རྣམས་དང་བཅས། ཇི་ལྟར་དེ་བཞིན་གཤེགས་པ་སེར་སྐྱའི་གྲོང་ཁྱེར་སོགས་སུ་ལྗོངས་རྒྱུ་བའམ། མ་ག་དྷ་བཟང་མོ་དང་གཟུགས་ཅན་སྙིང་པོ་སོགས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་རྣམས་དང་བཅས་གདན་དྲངས་པ་བཞིན། དལ་བུས་བག་ཕེབས་པར་རིམ་བཞིན་ཕེབས་ཏེ་ཤར་སྒོའི་ནང་དུ་ཡབ་རྗེ་རྡོ་རྗེ་འཆང་གི་ཞབས་གཡས་བཏེག་པ་དང་ཆབས་ཅིག་དུང་མཁན་བརྩོན་འགྲུས་