[A:༦༨]མཛད་པའི་སྟ་གོན་གྱི་སོ་ཤིང་སོགས་ཀྱི་དགོས་པ་བཤད་པ། ཚར་ཆེན་གྱིས་མཛད་པའི་ལྷན་ཐབས་ནོར་བུའི་ཕྲེང་བ། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཀྱཻ་རྡོར་སྒྲུབ་ཐབས་རྣམ་བཤད་བསྐྱེད་རིམ་གནད་ཀྱི་ཟླ་ཟེར། ཚར་ཆེན་གྱི་བསྐྱེད་རིམ་རྣམ་བཤད་ཉི་མའི་འོད་ཟེར། གནས་གསར་བ་མཁྱེན་བརྩེས་མཛད་པའི་བསྙེན་ཆེན་གྱི་ཡི་གེ་དཔྱིད་ཀྱི་དགའ་སྟོན། དེས་མཛད་པའི་བསྙེན་པའི་ཁ་སྐོང་སྦྱིན་སྲེག་རྣམས་ཀྱི་རང་གཞན་གྱི་དོན་གང་བསྒྲུབས་ཀྱང་ཕྱིན་ཅི་མ་ལོག་པར་ཤེས་པའི་རྡོ་རྗེ་སློབ་དཔོན་དུ་བསྒྲུབས་ནས་ཕྱི་རོལ་ཏུ་ཞེན་པའི་གདོན་གཉེན་པོར་ནང་རྡོ་རྗེ་སློབ་དཔོན་གྱི་དོན་དམ་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཆེན་རྡོ་རྗེ་འཆང་གི་ཡིག་སྟེང་ནས་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ། བླ་མ་དམ་པའི་ལུས་དཀྱིལ་གྱི་དབང་འོག་ན་ཐོ་ཙམ་ཡོད་པའི་སྟེང་ནས་ལམ་དུས་འབྲིང་བསྡུས་ཀྱི་དབང༌། ཡི་གེ་བརྒྱ་པའི་བཟླས་ལུང་དང་བཅས་པ་གསན་ནས། ཕྱི་ནང་བསྐྱེད་རིམ་གྱི་དུས་བསྒོམ་བྱའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ཚར་ཆེན་ཆོས་རྗེའི་ལེགས་བཤད་ཉི་ཟེར་དང༌། སྐལ་བཟང་སྙིང་གི་པདྨོ་བཞེད་པ་བཅས་པའི་བཤད་པ་གསུང་ངག་ནས་ཤིན་ཏུ་རྒྱས་པ། དེ་ཐུན་དཀྱིལ་ཆོག་རབ་གནས་སྦྱིན་སྲེག་རོ་སྲེག་ཐམས་ཅད་ལ་ཟིན་ཐུན་གྱི་མཐེབ་འཛུགས་སྤྲད་པའི་གསུང་བཤད་བཅས་སྒྲོ་འདོགས་བཅད་པ། དཔྱད་དོན་ཉམས་སུ་ལེན་པ་སེམས་འཛིན་གྱི་ཉམས་ཁྲིད་སྨིན་རྒྱས་ལམ་དུས་སུ་ཉམས་ལེན་རྗེ་མུས་ཆེན་གྱིས་མཛད་པ། ལམ་དབང་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བཅས་