R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༤
[A:༧༣༤]སྣེ་དང་བསྒྲིགས་པ་ཡན་སྤྱི་དང༌། བྱང་པ་བན་ཚང་བསྙེན་སོང་སྤྱི། སྟོད་སྨད་བླ་ཁག་དྲུང་རིགས་སེར་སྐྱ། གསོལ་གཟིམ་སོགས་སོ་སོ་ནས་སྔོན་ལམ་དེབ་གསལ་བཞིན་གྱི་ཁྲི་འབུལ་ཚན་གྲངས་སོགས། སྔོན་དུ་དེབ་ཤེར་དང་མཚན་དོད་སོགས་ཀྱི་ལྗགས་བཀོད་དང༌། མདོས་ཟབ་སྐབས་ཀྱི་གྱོན་བཤེར་སོགས་ཁུ་བོ་རིན་པོ་ཆེ་དེ་ཉིད་ནས་མཛད་སོང་བ་དང༌། དེ་སྐབས་འབུལ་བ་རྣམས་སྒོ་ཆུང་ཤར་ནས་བཞུགས་ཏེ། བཞུགས་ཁྲི་བདུན་ནས་གསང་སྒོ་བརྒྱུད་མཛོད་པ་སོགས་བཞུགས་ཁྲིའི་མདུན་དུ་ལང་སྟེ་འབུལ་ལེན་ཕལ་ཆེར་ཁྲོམ་དབང་བཞིན། ཉིན་གསུམ་པར་གཞི་ཐོག་ནས་ཕེབས་ལུགས་ཆོས་གསུང་ཚུལ་རྣམས་གོང་བཞིན་ལ། ཁྲི་འབུལ་བ་སྐུ་ཞང་དྭགས་པོ་ལྕང་ར་བའི་ངོ་ཚབ་ཞབས་ལྷོ་རྗེ་བཙུན་ཚེ་ལྷ་དབང་མོ་དེ་ཉིད་དང༌། སྐུ་ཞང་སྙིང་རི་བ་དང༌། ལྷ་རི་རྩེ་པ་སོ་སོའི་སྐུ་ངོ་རྣམས་གཟབ་མཆོར་དང་ལྡན་པས་ཁྲི་འབུལ་རྒྱ་ཆེ་བར་བཏེག་ཅིང༌། གཞན་ཡང་ཉིན་སྔོན་མ་རྣམས་སུ་མ་བྱུང་བའི་ཉེ་འཁོར་ས་དགོན་ཁག་མང་སོགས་མང་དག་ཚང་མས་མཇུག་ཏུ། མཁན་ཟུར་བཀྲ་ཤིས་ཆོས་འཕེལ་དེ་ཉིད་ནས་འཕར་དུ་ཇ་འབྲས་ཐོག་ཞབས་བརྟན་རྡོ་རྗེའི་རེ་ཁ་མཎྜལ་རྟེན་གསུམ་འགྱོགས་དར་ཁ་བཏགས་ཉིན་བདེ་མ། གཞན་ཡང་སྐུ་ངོ་རྣམས་ལ་རྟེན་དོད་འགོ་དར། འདུས་ཚོགས་ལ་དར་འགྱེད། གཞུང་འབུལ་ད་ལྟ་ཟབ་རོལ་གྲས་མཁན་བཀྲས་ཆུང་བ་འདིས་མཚོན་ཚན་པ་ཟངས་རྐྱེན་ཉི་ཤུ་ཐམ་པར་ཁ་བཏགས་གཉིས་རེ་བཏགས་པ། གཞན་ཡང་ཇ་འཁོར་རྣམ་རིགས་གསེར་དངུལ་སོགས་འདི་ཁ་