R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༣
[A:༧༣༣]དང༌། བདེ་གླིང་དབུ་མཛད་བཅས་ཚོགས་དབུས་སུ་བཞེངས་ནས་བསྐུལ་བ་རྒྱུན་བཞིན་དེ་སྐབས་ཇ་འབྲས་སོགས་ཀྱི་ཐོག་རྒྱལ་ཁབ་ཆེན་པོའི་མི་སྣ་རྩེ་དྲུང་ཆེད་མངགས་ནས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་ཡིག་ཕུལ་བ་ཡབ་རྗེ་མཆོག་ཁྲི་སྟེང་བཞེངས་ནས་གུས་འདུད་དང་བཅས་བཞེས་ཏེ། བཞུགས་ནས་མཎྜལ་རྟེན་གསུམ་འགྱོགས་དར་ནང་མཛོད། དེ་སྐབས་སྔོན་ལམ་མཆོད་སྡོང་ཚབ་ཏུ་དངུལ་གྱི་འཁོར་ལོ་རྩིབས་བརྒྱད་མ། ད་ལྟ་གདུང་རྟེན་ཤར་ན་ཡོད་པ་འདི་བཞིན་ཐོག་མར་ཕུལ་བ་ནི། བདག་ཅག་གི་སྟོན་པ་ལ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཕུལ་ནས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟ་བུ། རྟེན་འབྲེལ་ངོ་མཚར་ཅན་དང༌། གཞན་ཚན་གྲངས་སོ་བདུན་ཙམ་གྱིས་མཚོན་སོ་སོར་གསེར་དངུལ་གོས་དར་བཟང་གོས་ཀྱིས་གཙོས་པའི་གནང་སྐྱེས་སྤམ་མཐོ་བ་དང༌། རྒྱལ་མཚན་མཐོན་པོ་ནས་ཀྱང་མཎྜལ་རྟེན་གསུམ་འགྱོགས་དར་ཁ་བཏགས་ཉིན་བདེ་མ་ཚན་པ་བཅུ་གཉིས་ཙམ་གྱི་སོ་སོའི་ཐོག་གསེར་དངུལ་ཐུམ་བཟང་ཇ་སོགས་ཀྱིས་གཙོས་པའི་ཁྲི་འབུལ་སོགས་བཏབ་ཅིང༌། དེ་ནས་བཀའ་ཆོས་འཕྲོས་སྩོལ་གྲུབ་ནས་སྒོ་ཆུང་ཤར་བརྒྱུད་གཞི་ཐོག་ཏུ་ཕེབས་ཚུལ་གོང་བཞིན། ཉིན་གཉིས་བར་གཞི་ཐོག་ནས་ཕེབས་ཚུལ་སོགས་མཛད་སྒོ་ཕལ་ཆེར་གོང་དང་འདྲ་བ་ལས་ཡབ་རྗེ་མཆོག་ནས་སེམས་བསྐྱེད་གསལ་འདེབས་ནས་ཙམ་སྐུ་གསུམ་ཡེ་ཤེས་ཀྱི་རྣམ་བཞག་ཡན་བར་སྐབས་རྣམས་སུ་འདི་ག་ས་གཞུང་བླ་བྲང་ཁག མཁན་ཕྱག་གཉེར་གསུམ། ཆོས་སྡེ་ལྷོ་བྱང་ལས་