R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣༥
[A:༧༣༥]ལྕོག་སྤེལ་གྱི་ཤག་ཆས་ཕྲན་ཙམ་མ་གཏོགས་ཕལ་ཆེར་འབུལ་གནང་མཛད་ཚུལ་མཁན་ཆེན་དེ་ཉིད་ཀྱི་རྣམ་ཐར་ནང་གསལ་བ་བཞིན་སྤམ་མཐོ་བར་འབུལ་བར་མཛད། དེ་ཉིན་བཀའ་ཆོས་སྔར་འཕྲོས་ནས་སྦྱར་བྱང་བར་ཡོངས་སུ་རྫོགས་པར་གྲུབ་ནས་རྒྱ་མཚོ་དཔོན་སློབ་ཀྱིས་མོལ་གཏམ་རྫོགས་ནས་ཁུ་བོ་སྐུ་མཆེད་གསུམ་དང་ངོས་རང་བཅས་བཞི་ཁྲི་ནས་བབས་གནང་གིས། བཞུགས་གདན་སྟེང་ཙོག་པུར་བཞུགས་ཁྲི་སྟེང་ནས་ཡབ་རྗེ་རྡོ་རྗེ་འཆང་གིས་གསུངས་བསྔོ་རྒྱས་པ་བསྩལ་གྲུབ་པའི་གུང་སེང་ལ་རྒྱ་ལས་བན་ཚང་པ་རྣམས་གཞི་ཐོག་ཏུ་ཕེབས། སྐུ་གསུང་ཐུགས་ཡོན་ཏན་གྱི་རྟེན་དང༌། བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་རོལ་སིལ་ས་པུར་སོགས་བཞེས་ཏེ། གུང་སེང་འདུས་ནས་མཁན་པོ་ཁྲི་གདན་ཟུར་ཟུང་བདག་ཁྲིའི་སྐུ་འདུན་དང་ལྷོ་བྱང་ལས་ཚན་དང་གཞན་བན་ཚང་པ་རྣམས་བཞུགས་ཁྲིའི་མཐའ་བསྐོར་དུ་འཁོད་དེ། བསངས་སྦྱངས་སྔོན་འགྲོའི་ཡབ་རྗེ་སྐུ་མཆེད་རྣམ་སྣང་མི་བསྐྱོད་པ་འཇམ་དབང་སྐུ་མཆེད་རིན་འབྱུང་འོད་དཔག་མེད། ངོས་ལ་དོན་གྲུབ་ཏུ་བསྐྱེད་ཆོག་མཛད་ནས་མཎྜལ་རྟེན་གསུམ། ཡོན་ཏན་གྱི་རྟེན་དུ་གསེར་བུམ། འཕྲིན་ལས་ཀྱི་རྟེན་དུ་ཞབས་སྟེགས་རྡོ་རྗེའི་རེ་ཁ། ཆོས་དུང་རིན་པོ་ཆེ། རོལ་སིལ་རྣམས་ཕྱག་ཏུ་ཕུལ་ཙམ་རེ་དང༌། དེ་ནས་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་རྣམས་ཚེ་ཆོག་བཞིན་མཇུག་ཏུ་ཤིས་བརྗོད་རྒྱས་པའི་མཇུག་ཉིན་བདེ་མའི་རོལ་ཆེན་རྫོགས་ནས། སྔོན་ལམ་གཙོ་ཐབ་པས་ཞྭ་གཡབ་དང༌། ཀི་སྒྲ་དེ་ནས་མཆོད་ཕྲེང་དྲུང་འཁོར་ཀོང་