R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༠
[A:༧༤༠]འབྱུང་འདུལ། འཇམ་ནག་གནད་བཅུ་གཅིག་སྒོམ་ལུང་དང་བཅས་པ། རྣམ་རྒྱལ་ལྷ་དགུ། རྣམ་འཇོམས། རི་ཁྲོད་མ་སེར་མོ། དམར་པོ་སྐོར་གསུམ་ཐུན་མོང་བ། གྲྭ་སྔོན་ཛམ་དམར། ཛམ་སེར་ནག མགོན་དཀར། གུར་མགོན་ཁྲོ་བཅུ་ཐུན་མོང་མ་ཡིན་པ། སྔགས་འཆང་ཆེན་པོའི་ཡིག་སྟེང་ནས་གུར་ལྷ་བརྒྱད། ཞལ་བཞི་བསྙེན་དུས། དུར་ཁྲོད་བདག་པོ། དཀར་བདུད་རྣམས་ཀྱི་རྗེས་གནང༌། གྲོལ་ཉིན་ཚེ་དབང་བླ་མ་ཞི་ཁྲོ་བཅས། གྲོ་བཞིན་ཟླ་སྐེད་ཙམ་ལ་གྲོལ་བར་ཚོགས་འཁོར། གསུང་བསྔོ་རྒྱས་པ་བཅས་བསྩལ་བ་དང༌། དེ་ནས་དབང་ཆེན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྟོད་ལས་བྱང་ཆུབ་བསྒྲུབ་དབང་དང༌། སྨད་ལས་དྲག་པོ་སྒྲོལ་དབང༌། ཐམས་ཅད་རིག་པ་དང་ཚེ་དཔག་མེད་ལྷ་དགུའི་དབང་ཆེན་སོགས་བསྩལ། རྒྱུད་གསུམ་སྐབས་རྒྱབ་ཆོས་ལྗགས་ལུང་དུ་ལྷ་ཆེན་ཆོས་སྤྱོད་རབ་གསལ། རྡོ་རྗེའི་གཞོན་ནུའི་མངོན་རྟོགས་རྒྱས་པ་ཕུར་ཆེན་དུ་གྲགས་པ་དང༌། ཕུར་དཀྱིལ་ཨ་མེས་ཞབས། བསྙེན་སྒྲུབ་གསལ་བྱེད་དང༌། ཕུར་བཟློག་རྣམས་ས་ལོ། གཏོར་བསྔོ་ཆེན་མོ་སྔགས་འཆང༌། ཀྱཻ་རྡོ་རྗེ་སྒྲུབ་དཀྱིལ་ཨ་མེས་ཞབས། བསྐང་གསར་དུ་གྲགས་པ་དང༌། དྲུག་ཅུ་པའི་གཏོར་བཟློག་ས་ལོ་བསྟོད་སྙིང་དུ་གྲགས་པ་རྣམས་དང༌། ཚེ་ཆོག་དང༌། ཀུན་རིག་དཀྱིལ་ཆོག་ལྷ་སྤར་རྣམས་ཀྱི་ལུང་སོགས་རྒྱ་ཆེར་བསྩལ། ཕུར་སྒྲུབ་སྔོན་རྗེས་རྣམས་ལ་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱང་ཚོགས་ཕེབས་གནང་ཞིང༌། གཞན་འདི་ལོ་ལམ་འབྲས་ཡོད་སྟབས་སློབ་དཔོན་གནང་མ་ཐུབ། དེ་ནས་ཟླ་བ་བརྒྱད་