R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༢
[A:༧༤༢]ཉིད་ཀྱང་བཞུགས་པ་སོགས་ལ་བཀའ་འདྲི་ནན་ཞུས་བགྱིས་ཏེ། གྱ་ཚོམ་དུ་མ་སོང་བ་བྱས་ཁུལ་ཡིན། མེ་ཕག་ལོར་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་མ་ཡུམ་མཆོག་གདུང་སྲས་གཅུང་པོ་བཅས་དབུས་ཕེབས་སུ་ཆིབས་བསྒྱུར་བསྐྱང་རྒྱུར། རྒྱལ་ཟླའི་ཚེས་མགོན་ཁང་ཁག་བཞི་གཟིམ་ཆུང་དབང་ཁང༌། རྒྱལ་པོ་དང། དཀར་མོ་བ་རྣམས་སུ་ལམ་གཏོར་སོགས་རིམ་མཛད་ཀྱིས་རྒྱལ་ཟླའི་ཚེས་བཅུ་དགུ་ལ་གོང་གསལ་སྐུ་ངོ་རྣམས་དང༌། ཕྱག་ཚབ་དྲུང་ཆེ་སོགས་ཕྱག་གཉེར་དྲུང་རིགས་རང་འདུས་བན་ཚང་པ་གསོལ་གཟིམ་སོགས་སྐུ་འཁོར་རྣམས་དང་བཅས་ཆིབས་རྡོག་ཐོན་པར། ངོས་རང་སྐུ་ངོ་རྣམས་བགྲེས་གཞོན་གོ་རིམ་གྱིས་གཞི་ཐོག་བདུན་སྐས་གཤམས་སུ་སྐུ་གདུང་བགྲེས་པ་དང༌། རྡོ་གཅལ་ཆེན་མོར་གདུང་སྲས་གཞོན་པ་རྣམས་དང༌། པུ་ཏྲའི་བཞུགས་ཁང་དུ་སྐུ་ངོ་བྱིངས་དང་འདིར་ཡོད་ཕྱག་གཉེར་དྲུང་རིགས་སོགས་ཀྱིས་མཇལ་དར། གཞི་ཐོག ལྷ་ཆེན་ལྕགས་རི་ཁ་བཅས་ནས་ཀི་སྒྲ་དུང་བཅས་དར་གྱིས་གཡབ་མོ་ལན་གསུམ་ཆིབས་པ་ཞལ་བསྒྱུར། རྗེས་མར་ཁ་ཤས་རྟ་རྒྱུགས་ཀྱིས་ཡོང༌། ཕྱུག་དབུར་ཐབ་སྐྱེལ་དཀར་སྤྲོ་སོགས་བཅས་དེ་ནུབ་གར་ཕུར་བཞུགས། དེའི་སང་ནས་རིམ་བཞིན་དགོན་རྒྱས་ཞག་ཤས་བསུ་བར་གསོལ་རས་ཚན་གྲངས་ཉེ་འཁོར་དང༌། སུམ་མདོར་ཕུན་གསུམ་ཆོས་སྡེ་བའི་སེར་ཕྲེང་དང་ས་མཇལ། མཇལ་སློག་ཚན་གྲངས་གསེར་ཇ་བཅས་ས་དགོན་གཞན་དུ་ཡང་འདིས་རིགས་བགྲེ། དེ་ནས་ཚ་གཞིས་སུ་ཞག་དང༌། སང་ཉིན་ཟམ་གདོང་ཤབ་དམིགས་གཞིས་སྡོད་རྒན་