R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༣
[A:༧༤༣]པོ་སོགས་རྟ་པ་སུམ་ཅུ་སྐོར་གཟབ་མཆོར་གྱིས་མཇལ་དར། དབང་སྟོད་དུ་གསོལ་ཚལ། དགེ་སྡིང་དུ་མི་སེར་ཕོ་མོའི་གཟབ་མཆོར་དང་བཅས་པའི་གཞས་བསུ། དགེ་སྡིང་མ་ཎི་བ་དབུ་བྱང་རྣམས་ནས་ཀྱང་ཕེབས་བསུ། ཊཱ་ཊི་བ་སོགས་ནས་སེར་ཕྲེང༌། དེར་བཅག་མ་ཐོག་སྔར་ལམ་ལྟར་གཞིས་འབངས་སོགས་ནས་ས་མཇལ། གོང་གསལ་རྣམས་ནས་ཕེབས་སྐྱེལ་དང་བཅས་བྲག་སྐྱེད་རེགས་ཐབ་སྐྱེལ་སར་ཕེབས་སྐྱེལ་བའི་མཇལ་དར། གངས་ཅན་དུ་ཞག སྣར་ཐང་དུ་ཚལ་གཞིས་རྩེ་བདེ་ལེགས་སུ་རྒྱལ་མཚན་མཐོན་པོ་བའི་ཐབ་བསུ་ཇ་ཞུས། རྩེ་ཤོད་གཉིས་ཀྱི་མགྲོན་གཉེར་ནས་འཚམས་དར། དེ་ནས་ཕེབས་བསུ་བ་རྩེ་དྲུང་བཞི་བཅས་བཞུགས་མཚེར་བདེ་ཤར་དུ་མཛད། དེ་ནས་གནང་བརྡ་ཕུལ་ཏེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཉི་མའི་མཇལ་ཕྱག་ཏུ་སྟོན་འཁོར་ཚང་མ་ཕེབས། ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ནས་སྐུ་ཕྱག་མཛད་པ་དང༌། ཀུན་གཟིགས་རིན་པོ་ཆེ་ཁྲི་སྟེང་བཞེངས་ཏེ་སྔོན་ལམ་ཐང་ཤད་ལན་གསུམ་སོགས་ཀྱང་གནང་སྐད་འདུག མཎྜལ་རྟེན་གསུམ་འགྱོགས་དར་ནང་མཛོད་དངུལ་བུམ་ཇ་འཁོར་རྟ་སོགས་ཀྱིས་མཚོན་པའི་ཚན་པ་བདེ་འབྱུང་གི་གྲངས་ཁྲི་མཇལ་ལེགས་སྐྱེས་སུ་འབུལ་གནང་དང༌། སྐུ་ངོ་གཞན་རྣམས་ནས་ཀྱང་འབུལ་མཚོན་འབུལ་གནང་གྲུབ་ནས། གསོལ་ཇ་འབྲས་དཀར་སྤྲོ་བཅས་དང༌། མཇལ་སློག་མགུལ་དར་བྱིན་ཐུམ་མཆོད་ཁང་ཁག་གི་གནས་གཟིགས་དངོས་སྐྱེས་ཀྱང་གཟབ་པར་ཕུལ་ཞིང༌། བཞུགས་མཚེར་དུའང་ཟུར་ཆས་ཇ་འཁོར་མར་