R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༤
[A:༧༤༤]ལྟང༌། འབྲས་ལྟང༌། དཀར་ནག་ཁོག་སོགས་ཟབ་རྒྱས་བསྟར། དེ་ནས་ཕེབས་སྐྱེལ་སྔར་བཞིན་གྱིས་ཆུ་ཤར་ཟམ་པ་བུད་ཙམ་ཐབ་སྐྱེལ་ཇ་འབྲས་འཚམས་དར་སོགས། གོང་གསལ་རང་རེའི་མཇལ་སློག་དང་གསོལ་རས་སོགས་མཛོད་དེབ་བཞིན་བསྩལ། དེ་ནས་གསེར་ཅན་དང་ཉེ་བར་དགོན་ནས་སེར་ཕྲེང་རྟེན་དོད་སོགས་ཕུལ་བར་སེར་ཇ་མང་དོད་སོགས་གོང་བཞིན། དེ་ནས་སྤན་དུ་ཞག དེ་ནས་རྒྱ་མ་ཁ་སོགས། རོང་ཆེན་བརྒྱུད་དེ་ཕེབས། སྡེ་དགོན་སོ་སོར་སེར་ཕྲེང་ས་མཇལ་དང༌། ཕར་ཡང་གསོལ་རས་མང་འགྱེད་སོགས་སྩོལ་བཞིན་པར་ལྷ་ལྡན་དང་ཉེ་བ་སྙེ་ཐང་བཞུགས་ཞག་ཏུ་གནས་ཤན་རྩེ་དྲུང་ཕེབས་འབྱོར་མདུན་རྒྱལ་ཁབ་ནས་ཐོག་མའི་གཟིགས་བཟོས་དཀར་སྤྲོ་ཤིང་འབྲས་སོགས་རྒྱ་དཔངས་ཆེ་བ་དང༌། དེ་ནས་སྐྱེད་ཚལ་ཀླུ་སྡིང་དུ་དབུ་གུར་ཁྲི་གདན་དང་བཅས་གསོལ་འབྲས་སོགས་ཕེབས་ཐོག རྩེ་ཤོད་བཀའ་ཤག་སོ་སོའི་མགྲོན་གཉེར་ཕེབས་ཏེ་འཚམས་དར་བསྟར་བ། ཕེབས་བསུ་བ་དྲུང་སེར་སྐྱ་སུམ་ཅུ་སྐོར་གྱིས་མཇལ་དར་ཕུལ་ཏེ། རིམ་ཕེབས་ཀྱིས་བཞུགས་མཚེར་ལྷ་ལྡན་རྡོ་རིང་དུ་མཛད། དེ་ནས་གནང་བརྡ་འབུལ་གནང་གིས་སྟོན་འཁོར་གྲུ་འཛིན་གཉིས་པའི་གཞལ་ཡས་ཁང་དུ། གོང་ས་ཐམས་ཅད་མཁྱེན་པ་གཞན་དང་མཚུངས་ཟླ་མ་མཆིས་པ་རྒྱལ་མཆོག་བློ་བཟང་ཐུབ་བསྟན་རྒྱ་མཚོ་དང་སྲིད་སྐྱོང་དེ་མོ་ཧུ་ཐོག་ཐུ་བཅས་མཇལ་ཕྱག་ཏུ་མཎྜལ་རྟེན་གསུམ་མཇལ་དར་ནང་མཛོད། བཟང་གོས་ཇ་འབྲུ་སོགས་འབུལ་ཚན་དང༌། སྐུ་ངོ་གཞན་ནས་ཀྱང་སོ་སོར་