[A:༦༩]ཀྱི་ལུང༌། གསང་དབང་གི་ལམ་གྱི་ཐོག་མར་བདག་མེད་མའི་བྱིན་རླབས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་དང༌། བདག་བྱིན་རླབས་ཁམས་འདུས་པ་དང་པོ་གཏུམ་མོའི་དམིགས་རྐང་བཅོ་བརྒྱད་ཀྱི་རིམ་པའི་ཉམས་ཁྲིད། ཁམས་འདུས་པ་བར་བ་ཕོ་ཉིད་ལམ་མམ་དཀྱིལ་འཁོར་ལོ་དགའ་བཞི་ལུགས་འབྱུང་ལྡོག་གི་ཉམས་ཁྲིད་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་མམ་རྡོ་རྗེའི་རྦ་རླབས་ཀྱི་ཁྲིད། རེ་རེ་ལའང་ལམ་ལྟ་བ་གྲུབ་མཐའ། འདའ་ཁ་མ་བར་དོ་རྨི་ལམ། སྒྱུ་ལུས་དང་བཅས་པའི་དབང་པོ་རབ་འབྲིང་ཐ་མའི་ལམ་ཆ་ཚང་བ་རེ་སློབ་བཤད་ཐུན་མོང་མ་ཡིན་པ་ལྟར་ཤིན་ཏུ་སྨིན་པ་བཤད་ལུང་ཙམ་མ་ཡིན་པར་བསྒོམ་བྱའི་དོན་ལ་ཐོས་བསམ་སྒྲོ་འདོགས་ལེགས་པར་ཆོད་པ་གསན། རྣལ་འབྱོར་དབང་ཕྱུག་དངོས་ཀྱིས་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་དངོས་སུ་བསྩལ་བའི་མན་ངག་ས་སྐྱའི་ལྕགས་རི་ལས་མི་འདའ་བ་བཞིའི་ནང་ཚན་ལམ་ཟབ་ཕྱི་ནང་གཉིས། བིར་སྲུང་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ཀྱི་བྱིན་རླབས་ངག་ཆོས་ཡིག་སྟེང་ནས་དང། དེའི་ཉམས་ལེན་ས་པཎ། མུས་ཆེན་བདག་ཆེན་རྡོ་རྗེ་འཆང་སོགས་ཀྱིས་མཛད་པ། ངོར་ཆེན་གྱིས་མཛད་པའི་བིར་སྲུང་གི་བྱིན་རླབས། སྲུང་བའི་དམིགས་རིམ། སྔོན་ཆད་ཞལ་ཤེས་ཁོ་ནར་བཞུགས་པའི་བིར་སྲུང་གསར་པའི་དམིགས་ཁྲིད་གནས་གསར་པ་མཁྱེན་མཛད་ཡིག་སྟེང་ནས། བླ་མ་རིན་འབྱུང་གི་བྱིན་རླབས་དང༌། དེའི་ཉམས་ལེན་ཚར་མཛད་ཀྱི་ལུང༌། མཁྱེན་མཛད་ཡིག་སྟེང་ནས་ཚར་གསུམ་