R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༤༧
[A:༧༤༧]འདི་ལོ་གཞུང་ས་མཆོག་ནས་ལ་ཁོངས་སྤེལ་ལེགས་གཞིས་ཀའི་བཀའ་རྙིང་གང་ཡོད་མཆོད་རྒྱུན་རྟེན་དུ་འབུལ་སྦྱོར་མཛད་པ་སོགས་བཀུར་བཟོས་ཆེ་བར་བསྩལ། དེ་ནས་ཟླ་བ་དགུ་པའི་ཚེས་ལ་དྲུང་སེར་སྐྱའི་ཕེབས་སྐྱེལ་བ་གོང་བཞིན་ལྷ་གདོང་ཤན་ཁ་དང་ཉེ་བར་གཞུང་ས་མཆོག་ནས་དབུ་གུར་སོགས་གོང་བཞིན་ཐབ་སྐྱེལ་དང༌། རྩེ་ཤོད་བཀའ་ཤག་སོ་སོ་ནས་མགྲོན་གཉེར་ཕེབས་ཏེ་འཚམས་དར་བསྟར་བ་གོང་སྟེང་གོང་ས་ཐམས་ཅད་མཁྱེན་པའི་གསུང་མདུད་བཅས་བསྩལ། དེ་ནས་རིམ་བཞིན་ཆིབས་བསྒྱུར་ཏེ། རྒོད་བཀག་ལ་བརྒྱུད་དེ་བསམ་ཡས་སུ་བཞུགས་ཞག་འཆམ་གཟིགས། ཆོས་སྐྱོང་སྐུ་ཕེབས་ཀྱི་བཀའ་བསྒོ། སྐུ་ཆས་དང་སྤྱན་གཟིགས་བསྩལ་བ། རབ་གྲྭར་མང་འགྱེད། ཁྲོམ་དབང་སོགས་ལྷོ་གནས་དགོན་ཁག་ཕལ་ཆེར་དུ་དེ་བཞིན་གྱི་རྩེ་ཐང་འབྲས་གླིང༌། ཡར་ཀླུངས་བཀྲས་ཆོས། གྲ་ཕྱི་ནང༌། མདོ་ཆོས། རབ་སྨད། རྣམ་རབ། དགོང་དཀར་བཅས་སོ་སོར་འདོད་ཆོས་དང༌། སྐྱ་སེར་བྱིངས་ལ་ཁྲོམ་དབང་མང་འགྱེད་ཆོས་སྐྱོང་སྐུ་ཕེབས་སོགས་དང་། བསམ་ཡས་མཆིམ་ཕུ་དང་གཡའ་མ་ལུང༌། ཡར་ཀླུངས་རྟེན་གསུམ་གནས་གསུམ་སོགས་སུ་མཆོད་འབུལ་ཚོགས་བརྒྱ་སོགས་བསྟན་དོན་དང་གདུལ་བྱའི་རེ་སྐོང་རྣམས་ཟིན་ཏེ། གམ་པ་ལ་ནས་ཡར་འབྲོག་མཐར་ཆོས། རྒྱལ་རྩེ་གུར་གྲྭ་བཅས་གོང་གསལ་དགོན་ཁག་ཚང་མས་ཕེབས་བསུ་ཕེབས་སྐྱེལ་ཟབ་པ། ཐབ་བསུ་དགོན་ཁག་སོ་སོ་དང་ཉེ་བར་འདུས་ཚོགས་ནས་སེར་ཕྲེང༌། ཆོས་སྐྱོང་སྐུ་ཕེབས་ཡོད་རིགས་རྣམས་ནས་ཕེབས་བསུ་