R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༠
[A:༧༥༠]རྩེ་ནས་བཀྲ་ཤིས་ཁྲ་རིང་དཔྱང་བ། ཁྱད་ལྷོའི་སྟེང་འཕྱར་དར་ཟབ་མ། དེའི་སྔོན་དུ་གཞི་ཐོག་རབ་གསལ་གཡབ་འཁོར་སྟེང་ཤོད་སོགས་ལ་ཚོན་རྩི་གསར་གཏོང༌། གཤམ་བུ་ས་ཡོལ་གདན་ཡོལ་གསར་བསྐྲུན་སོགས་ཞུ་སྒོ་རྣམས་བཀའ་འབྲེལ་ངོས་རང་ཁྲི་ཚབ་ཡིན་ཁུལ་དང༌། མཛོད་གཉེར་སོགས་ལས་ཁུངས་རྣམས་དང༌། གོ་འདུད་ཀྱི་གྲ་སྒྲིག་བྱུང་སོང་བ་བཞིན་དགོངས་དགྱེས་ཀྱང་བྱུང་སོང་ངོ༌། །དེ་ནས་པུ་ཏྲའི་བཞུགས་ཁང་དུ་དྲུང་རིགས་སྐུ་ངོ་བྱིངས་ཀྱིས་མཇལ་དར། མདུན་སྐས་གཤམ་དུ་ཕུན་གདུང་འཇམ་དབང་སྐུ་མཆེད་ངོས་རང་བཅས་ཀྱིས་མཇལ་དར་སོགས་ཕུལ་ཏེ། ཚོམས་དམར་གྱི་རྒྱ་མཐོང་བྱང་ལ་མུ་ཏིག་གི་ལན་ཛ་བྲིས་ཡོལ་སོགས་རྒྱན་འགྲེམ་ཟབ་མ། དེ་ནས་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་བླ་ཆེན་འཕགས་པའི་བཞུགས་ཁྲི་དང༌། སྐུ་གདུང་གཞན་པར་ཁྲི་ལྕོག་བཅས། གཞུང་གནས་ཤན་པར་གདན་ལྕོག་བཅས། ཡུམ་རྗེ་བཙུན་རྣམས་ཁྱད་བྱང་དུ་བཞུགས་ཡོད་དམ་སྙམ། དེ་ནས་ཇ་འབྲས་ཐོག་ངོས་རང་མཛོད་པ་བཅས་ནས་མཎྜལ་རྟེན་གསུམ་འགྱོགས་དར་ཨ་ཤེས། དེ་ནས་སྐུ་ངོ་རྣམས་དང་མཁན་ཕྱག་གཉེར་གསུམ་སོགས་གཞིས་གཉེར་ཆུང་ངུ་ཡན་གྱི་སོ་སོའི་གོ་གནས་མཇལ་དར་ཕུལ། དེ་ནས་གསོལ་སྟོན་རྒྱས་པ་གྲུབ་ནས་རྩེར་ཕེབས། དེའི་སྐབས་ཆ་ཁམས་གཞས་མ། ཀོང་གཞས་དང༌། འཆམ་མགོན་རྣམས་ལ་ཚོམས་ཆེན་དུ་བསྐང་བ་བརྒྱ་ཚར་གྲོལ་ནས་འཆམ་སྐུ་ཕེབས་སྐྱེལ་རྒྱུན་བཞིན། དེ་ནས་མགོན་ཁང་རྣམས་སུ་གཏང་རག་སོགས་རིམ་བཞིན་མཛད་དོ། །འདི་སྐབས་ཀྱི་ལམ་རྣམས་ཕལ་