R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༡
[A:༧༥༡]ཆེར་ཆུ་ལུག་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་སྐུ་མཆེད་དང༌། ཆུ་ཡོས་རྡོ་རྗེ་རིན་ཆེན་དང༌། ཐེག་ཆེན་བཀྲ་ཤིས་རིན་ཆེན་སྐུ་མཆེད་སོགས་ཀྱི་དབུས་ཕེབས་སྐབས་ཀྱི་ལམ་ལྟར་མཛད་ཅིང་གཞུང་གནས་སོགས་ནས་ཀྱང་དེ་ལྟར་ཡིན་པར། འོན་ཀྱང་དེ་སྐབས་སྒར་སྒྲིགས་གནང་སྲོལ་ཡང་ཕྱིས་སྟེང་ས་ཁང་ཁོ་ནར་བཞུགས་ལམ་བཞིན་མཛད་དོ། །འདི་ལོ་ས་གཞུང་བཀའ་འགྱུར་འཆར་ཅན་གྲོལ་ནས། གོང་གསལ་སྤེལ་ལེགས་བཀའ་འབྲུའི་ཐོག་ནས་བཀའ་འགྱུར་འཕར་མ་ཞག་གསུམ་དང༌། བན་ཚང་པས་ཁྱད་བྱང་དུ་ཕུར་བཟློག་སྒྲུབ་ཞག་གསུམ་སོགས་འཕར་དུ་གནང༌། ས་བྱི་རྟ་ཟླའི་ཚེས་ཉེར་ལྔའི་ཉིན་གདུང་སྲས་གཅུང་པོ་གྲགས་པ་བློ་གྲོས་འཁྲུངས་པ་རིམ་བཞིན་འཁྲུངས་སྟོན་སོགས་གནང༌། ལོ་འདིར་ངོས་རང་ཕུར་སྒྲུབ་བཤད་ལས་བགྱིས་རྒྱུར། སྔར་ལམ་བཞིན་རིལ་སྒྲུབ་ལྷ་མཆོད་ཕུར་སྒྲུབ་བཅས་ཟབ་མ་མཛད། འདི་ལོ་རིལ་སྒྲུབ་ཕུར་སྒྲུབ་སོགས་ཀྱི་སློབ་དཔོན་ཡབ་རྗེ་མཆོག་དང༌། སློབ་དཔོན་གཞོན་པ་ཕུན་ཕོས་གནང༌། དེ་ནས་བསྟན་རིམ་མགོན་པོ་དྲུག་ཅུ་པ་སོགས་ཀྱི་ཟོར་འཛིན་བགྱིས་རྒྱུར་ཡབ་རྗེ་རྡོ་རྗེ་འཆང་གི་སྐུ་དྲུང་ནས་སྔོན་ཐོབ་ཟིན། སླར་ཡང་དམ་ཚིག་གསོ་བྱེད་སོགས་སུ་ལམ་དབང་གུར་མགོན་ཁྲོ་བཅུ་ཐུན་མོང་མ་ཡིན་པ། གུར་ལྷ་བརྒྱད། བྲན་བདུད། པུ་ཏྲའི་ཟུར་བཀའ་སོགས་ཞུས་བསྩལ་བྱུང་ཞིང༌། འདི་ལོ་ཟླ་བ་གཉིས་པའི་ནང་ཙམ་ནས་བོད་ཕྱི་གཡུལ་འཁྲུག་འགོ་ཚུགས་ཏེ། བཀའ་གུང་ལྷ་ཀླུ་དམག་བརྒྱབ་ཏུ་གྲོ་མོ་ངོས་ལ་ཕེབས་པ་སོགས་ལ་བཀའ་