R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༢
[A:༧༥༢]ཡིག་འཚམས་ཞུ་ཕུལ་བར་གཟིམ་ཟུར་འཇམ་དབྱངས་ཐོན་ཏེ། སྟོན་ཆབ་སྐབས་ཕྱིར་འཁོར་གཞུང་ས་ནས་དམག་བཟློག་ཞབས་བརྟན་དུ་དྲང་སྲོང་ལོག་ཏྲིའི་གཏོར་བཟློག གདུགས་དཀར་བཟློག་མདོས་མགོན་མདོས་མགོན་ཁང་ཁག་ལ་བསྐང་འཕྲིན་སོགས་ཡབ་རྗེ་ཟུང་དང་བན་ཚང་པ་བཅས་ནས་མཛད་ཅིང༌། ལྷག་པར་རྗེ་རིག་བྱེད་ལྷ་མོའི་བསྙེན་སྒྲུབ་ལས་གསུམ་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཕུན་ཕོ་གདུང་སྲས་འཇམ་དབང༌། ལྷ་ཆེན་མཁན་པོ་བཅས་སོ་སོ་ནས་རྟགས་ཐོན་དགོས་རྒྱུར་བཀའ་ཕེབས་བཞིན་ཡབ་རྗེ་མཆོག་ནས་རྗེ་ཚར་ཆེན་གྱི་གནད་ཡིག་གངྒཱའི་ཆུ་རྒྱུན་ཇི་ལྟ་བ་བཞིན་སྡེ་དགེ་ས་དབང་བླ་མས་ནག་འགྲོས་སུ་མཛད་པ། སྲིད་གསུམ་ཇི་ལྟ་བ་བསྙེན་པ་རྩ་སྔགས་འབུམ་ཕྲག་བརྒྱད་ཁ་སྐོང་སྦྱིན་སྲེག སྒྲུབ་པ་ལས་སྦྱོར་བཅས་མཐར་ཕྱིན་པ་མཛད་ནས། དེའི་སྔོན་ཟླ་བ་བཞི་པའི་ནང་བསེ་མགོན་ཡིད་བཞིན་ནོར་བུའི་དྲུང་དུ་སྐུ་རྐྱང་གིས་གུར་མགོན་ཁྲོ་བཅུའི་བསྙེན་པ་བདུན་གཅིག་སོགས་མཛད་སྐབས། འོད་གསལ་གྱི་ངང་དུ་ལྕགས་ཀྱི་ཧོམ་ཁུང་གྲུ་གསུམ་ནང་ཁར་སྟབས་རྒྱ་བདུན་ཅན་དུ་མ་ཚོགས་པའི་གཟིགས་སྣང་དང༌། སྔ་དྲོ་ཞིག་མི་རས་གོས་གྱོན་པ་ཁ་ཤས་ངེད་ཚོས་ལས་བྱས་པ་དོན་མེད་དུ་སོང་ཟེར་བ་སོགས་བྱུང་ཚུལ་རིང་མིན་ནས་ཆིངས་འགྲིག་སྟེ་རྒྱལ་ཁམས་བདེ་འཇགས་སུ་གྱུར་པར་བརྟག་གམ་སྙམ། གཞན་ཡང་ལྷ་མོ་རིག་བྱེད་མའི་སྐོར་ལ་དངོས་ཉམས་སུ་གྲུབ་མཚན་དུ་མ་ཡོང་ཚུལ་གསུངས་པ་ལས་དངོས་སུ་གསུངས་པ་བཀའ་མ་གྲོལ་བས་བཞག འདི་ལོར་དབྱར་ཁོ་བོས་གསོལ་བཏབ་