R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༣
[A:༧༥༣]བཞིན་རྟ་མགྲིན་ཡང་གསང་དབང་ཆེན་དང་གནོད་སྦྱིན་རྩིའུ་དམར་པོའི་སྲོག་གཏད་སོགས་བསྩལ། དེ་ནས་དཔྱིད་ཆབ་སོགས་ལ་ཕེབས་སྐབས་དམག་སྐད་ཀྱང་ཕལ་ཆེར་ཆག དེའི་དགུན་ལོ་ངོས་ལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་སྔོན་འགྲོའི་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་དྲག་པོའི་བཀའ་བཏད་བཅས་བསྩལ། ས་གླང་ལོ་འཇམ་དཔལ་དངོས་གྲུབ་རྒྱ་མཚོ་དང༌། ངོས་རང་ཟུང་ནས་ཕུར་སྒྲུབ་སློབ་དཔོན་ཐོག་མར་བགྱིད་རྒྱུར། རིལ་སྒྲུབ། ལྷ་མཆོད། ཕུར་སྒྲུབ་ཟབ་མ་སོགས་ཀྱི་ཚོགས་དབུར་ཡབ་རྗེ་མཆོག་ཀྱང་རྟག་པར་ཕེབས། ལྕགས་སྟག་ཟླ་བ་དང་པོའི་ནང་བདག་གི་བླ་མ་མམ་ཏྲི་རཏྣ་བྷ་དྲར། ཚེ་དཔག་མེད་ལྷ་དགུ་སོགས་དབང་བྱིན་རླབས་འགའ་ཞིག་མཛད། ལོ་དེའི་སྟོན་ཆབ་འཁོར་ནས་སྲིང་མོ་རྗེ་བཙུན་དངོས་གྲུབ་དབང་མོ་འཁྲུངས། ངོས་རང་ལ་ཞལ་བཞི་སྒྲུབ་དུས་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཚེ་སྒྲུབ་གུར་བདུན་མའི་ལུང་སོགས་སྔོན་དུ་ཡོངས་རྫོགས་ཐོབ་ཀྱང༌། སླར་དམ་ཚིག་གསོ་བྱེད་དུ་ཞུས་ངོས་ནས་སྒྲོལ་ཕོར་ཟླ་བ་གསུམ་ཞལ་བཞིའི་སྒྲུབ་བསྙེན་ལ་སྡོད་སྐབས་དང༌། དུས་མདོས་སློབ་དཔོན་ཡབ་རྗེ་རྡོ་རྗེ་འཆང་ནས་མཛད། ལྕགས་ཡོས་ལོ་ནས་བཟུང་སྒྲོལ་ཕོའི་ཨར་ཟུག་ཚུགས་ཤིང༌། ངོས་རང་ཚ་གཞིས་སོགས་ལ་བསྐྱོད་སྐབས་དང༌། འདི་ལོར་ཕུར་སྒྲུབ་སློབ་དཔོན་ཡབ་རྗེ་མཆོག་ནས་མཛད། དགུན་ལོར་ཀུན་གཟིགས་རིན་པོ་ཆེ་ཁྲི་ཕེབས་ཀྱིས་གཙང་ཁུལ་བྲེལ་ཟིང་ལང༌། འདིའི་སྐབས་གོང་མའི་སྐུ་ཚབ་བོད་བཞུགས་བློན་ཆེན་སྲིན་ཨམ་བན་དང༌། བོད་