R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༤
[A:༧༥༤]ཀྱི་སྲིད་སྐྱོང་དེ་མོ་ཧུ་ཐོག་ཐུ་སོགས་གཙང་ཕེབས་ལ། འདི་ནས་ཀྱང་སྔར་ལམ་ཡབ་རྗེ་སྐུ་མཆེད་ལྷན་རྒྱས་དང༌། སྐུ་འཁོར་མཛོད་པ་བསམ་ལྟེ་བ། གཉེར་ཚབ་གཟིམ་ཟུར་འཇམ་དབྱངས། བན་ཚང་གསོལ་གཟིམ་སོགས་སྟོན་འཁོར་རྣམས་རྒྱལ་ཟླའི་ཉེར་དགུ་ལ་འདི་ནས་ཆིབས་རྡོག་ཐོན་ཏེ། གར་ཕུར་བཞུགས་ཞག དེ་ནས་གཞིས་རྩེ་བར་གྱི་མཛད་སྒོ་རྣམས་ཕལ་ཆེར་དབུས་ཕེབས་བཞིན་ལ། འདི་ལོ་གངས་ཅན། སྣར་ཐང་རྣམས་གནས་གཟིགས་ལ་ཕེབས་སྐད་འདུག དེ་ནས་གཞིས་རྩེར་བླ་བྲང་བཀྲ་ཤིས་ལྷུན་པོ་བས་ཕེབས་བསུ་ཐབ་བསུ་སོགས་ཕལ་ཆེར་དབུས་ཕེབས་བཞིན་བཞུགས་མཚེར་ཨོ་རྡོར་དུ་མཛད། དེ་ནས་གནང་བརྡ་སྙན་སེང་འབུལ་གནང་གིས། པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་མཇལ་ཕྱག་མཛད་དེ། མཎྜལ་རྟེན་གསུམ་འགྱོགས་དར་ནང་མཛོད་ཀྱིས་མཚོན་འབུལ་ཚན་རྣམས་ཕུལ་ཏེ། ཇ་འབྲས་གསོལ་སྟོན་བསྩལ་གྲུབ་ནས་དུམ་ཙམ་ཞིག་གཟིམ་ཆུང་དུ་འཁྱིལ་ཙམ་མཛད། དེ་ནས་གནས་སྔར་གྱི་དེ་ཉིད་དུ་སྲིད་སྐྱོང་མཇལ་ཕྱག་ལ་འབུལ་ཚན་སོགས་བསྟར་གྲུབ་ནས་གཞུང་གནས་ནས་གསོལ་སྟོན་སོགས་བསྩལ། དེ་ནས་རང་གནས་སུ་ཕེབས། ཨམ་བན་སར་ཕེབས་རྩིས་ལ་ཝང་ཞུ་མཛད་པར་བླ་མ་གང་འདྲ་རེད་ཞེས་ཞིབ་དྲིས་ཀྱིས་བླ་མ་ས་སྐྱ་པ་ཡིན་ཚུལ་དང༌། དེང་སྐབས་གོང་མ་ཆེན་མོའི་སྐུ་ཚབ་དང༌། གོང་ས་ཡབ་གཞིས་སོགས་ལ་མཇལ་ཕྱག་ཏུ་ཕེབས་ལུགས་བརྗོད་པ་ས་སྐྱ་པཎ་ཆེན་གྱི་རིགས་རྒྱུད་ངོ་མ་ཨེ་ཡིན་ཞེས་ཞིབ་དྲིས་ཀྱིས། དེ་ལྟར་ན་ཚུར་ཕེབས་མི་དགོས། ངོས་རང་ཕར་