R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠
[A:༧༠]ཁུག་པ་དང༌། བརྡ་དོན་གསལ་བའི་བྱིན་རླབས། ངག་ཆོས་ཡིག་སྟེང་ནས་ལམ་སྦས་བཤད་ཀྱི་བྱིན་རླབས་འོག་མུས་ཆེན་བསོད་ནམས་དཔལ་བཟང་ལས་གསན་པ་ལྟར་དང༌། མན་ངག་གཅེས་བསྡུས་ཀྱི་རྟེན་འབྲེལ་སྲུང་བའི་བྱིན་རླབས། ཀུན་མཁྱེན་བསོད་ནམས་སེངྒེའིེ་ཡི་གེ་ལྟར་རྣམ་འཇོམས་བིར་ལུགས་བྱིན་རླབས། མན་ངག་རྣམ་རྫོགས་པའི་མཐར་བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་བྱིན། གསང་བཅུའི་རྒྱས་གདབ་པའི་བྱིན་རླབས། མཁྱེན་བརྩེའི་ཟིན་བྲིས་སྟེང་ནས་གསན། བསྟན་པ་གཏད་ཅིང་བཀའ་བསྒོ་བ་མགོན་རྐྱང་གི་རྗེས་གནང་ཁྱབ་བདག་བཀའ་འགྱུར་པའི་རེག་གཟིགས་སྟེང་ནས་ལེགས་པར་གསན། གཞུང་བཤད་མཉག་མར་ས་གཞུང་སྤེལ་བའི་བཤད་པ་དང༌། ལུང་སྦྱོར་བཞི་དང་སྦྱར་བའི་རྒྱུད་རྐྱང་མན་ངག་གི་བཤད་པ་རྣམས་ལེགས་པ་གསན། དེ་རྣམས་ཀྱི་རྒྱབ་རྟེན་དུ་བསྟན་བཅོས་ཚད་མ་དང་འབྲེལ་བའི་ལུང་ཐོབ་པའི་སྐོར་ལ། གསུང་ངག་རིན་པོ་ཆེ་གླེགས་བམ་ན་བཟའ་གྱི་མཚན་ལས་པོད་སེར་མར་གྲགས་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་དཀར་ཆག་བཞིན་ཡོངས་སུ་རྫོགས་པའི་ལུང་དང༌། རྗེ་ས་སྐྱ་པ་ཆེན་པོས་ཞུ་བ་སོ་སོའི་ངོར་གསུངས་པའི་རྣམ་འདྲེན་བཅུ་དྲུག་ཙམ་མཛད་པ་ལས་རིགས་སྲས་སློབ་དཔོན་རིན་པོ་ཆེ་སྐུ་མཆེད་གཉིས་ཀྱི་དོན་དུ་མཛད་པ་རྣམ་འགྲེལ་སྲས་དོན་མར་གྲགས་རྡོའི་གསུང་བྱིན་རླབས་ཤིན་ཏུ་ཆེ་བ། འོན་ཀྱང་དེ་སྐབས་འདིའི་ལྗགས་ལུང་དངོས་སུ་མ་གསན་གསུངས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ན་བཟའི་