R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥༨
[A:༧༥༨]ཀྱི་གནས་བརྟན་རྣམས་ཀྱི་ཞབས་ལྷམ་གསོལ་སྡེར་ཞེས་མཆོད་སོགས་བླ་བྲང་མཆོག་གི་དམ་སྦྱར་མ་རྣམས་གཟིགས་ཤིང་བྱིན་རླབས་ཞུ་བར་མཛད། དེ་ནས་གངས་ཆེན་ཤབ་སོགས་མཛད་སྒོ་རྣམས་དབུས་ཕེབས་བཞིན་གྱིས་གར་ཕུར་བཞུགས་ཞག་དང༌། དེའི་སང་ཉིན་ཟླ་བ་གཉིས་པའི་ཚེས་གཅིག་ལ་གདན་ས་ཆེན་པོར་ཕེབས། ཐབ་བསུ་སར་ཁོ་བོ་རང་ཕེབས་བསུར་བསྐྱོད་ཅིང༌། དེ་ནས་ཆུ་ཁར་མར་ཆོས་སྡེ་ལྷོ་བྱང་ནས་སེར་ཕྲེང་རྒྱས་པ་པུ་ཏྲའི་བཞུགས་ཁང་དུ་དྲུང་རིགས་རྗེ་བཙུན་རྣམས་ཀྱི་མཇལ་དར། མདུན་སྐས་གཤམ་གྱི་རྡོ་སྐས་འགོར་སྐུ་གདུང་རྣམས་ཀྱི་མཇལ་དར་བཞེས་ཏེ་རྩེར་ཤར་ཕེབས་མཛད། འདི་ལོ་ངོས་དབུས་གཙང་བྱང་རིགས་ཁུལ་སོགས་ཕྱོགས་བསྐྱོད་ཞུ་དགོས་བཀའ་འབྲེལ་ཞུས་ཏེ། ངོས་འཁོར་རྣམས་ལ་ཐོན་ཁར་བཀའ་བསྒོ་བྱིན་རླབས་ཐོན་ཕྱག་གང་ཅི་བཀའ་སློབ་སོགས་ཞུས་ཏེ་ཟླ་ཚེས་ལ་ཐོན། འདི་ལོར་གསོལ་དབྱར་ཁོངས་སྒྲོལ་ཕོ་སྔོན་དུས་ནས་ལྷོ་བསྐྱེད་གཟིམ་ཆུང་ཆེན་མོ་ཀ་བ་བརྒྱད་ཀྱི་ས་གཡས་གཡོན་དུ་གཟིམ་སྦུག རྡོ་གཅལ་ཤག་བསྐོར་སྟེང་ཤོད། བཀྲ་ཤིས་དཔལ་རྒྱས་ཤར་ནུབ། སྐྲུམ་ཁང་རྩེ་ཐབ་སོགས་དང༌། དེའི་ཕྱིར་སྡེ་ཡངས། སྔ་དུས་ཀྱི་འབག་འཆམ་པ་ཐོན་ས་དང༌། བཀའ་འགྱུར་གསུང་སྒྲོགས་ཁང་ཆབས་ཅིག་ནུབ་ཏུ་སྤོ་གནང་བཅས་ཕུ་མདའ་ཚང་མ་ཤིང་ཆ་ལེགས་ཤིང༌། རྡོ་ཤིང་ཨ་འུ་ཕལ་ཆེར་རྩེ་གདོང་པར་གཞུང་ལས་ལྟ་བུ་མ་ཡིན་པ་བླ་ལྟོ་སོགས་ཀྱང་སྐུ་སྒེར་ནས་ཡིད་ཚིམ་ངེས་གདན་ཤོམས་གནང་སྟེ་བཀོད་ལེགས་ཕུགས་འཕེར་འདི་བཞིན་ཞལ་