R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༠
[A:༧༦༠]པོ་ཆེ་ཉིད་ཆབ་བསགས་སོགས་མཐའ་མའི་སྙུན་གཞིའི་འགོ་ཟུག་ཅིང༌། དེ་སྔོན་ནས་བཟུང་ཞབས་རིམ་རྒྱ་ཆེ་བར་གནང༌། ཡབ་རྗེ་མཆོག་ནས་ཀྱང་རྐྱེན་སེལ་བཀའ་དབང་ལྗགས་བསྒོ་སོགས་ཇི་ལྟར་བསྩལ་རུང་དྲག་སྐྱེད་གཏན་ནས་མ་བཞེས་པའི་ལ་གྱིས་དགུང་གྲངས་སོ་བདུན་པ་ཆུ་སྟོད་ཟླ་བའི་ཚེས་དྲུག་གི་སྲོད་ཆེན་ཁར་ཞིང་བརྗེས། ཚང་མ་ཧོན་འཐོར་ཏེ་བྱ་ཐབས་བྲལ་བ་བླ་སྨན་པ་ཀུན་བྱང་དྲུང་ཆེ་མགོན་པོ་དང༌། གཟིམ་ཟུར་འཇམ་དབྱངས་སོགས་ནས། ཡབ་རྗེ་མཆོག་ལ་མ་ལེགས་ཐུགས་གསོ་ཟབ་བརླིང་སྙན་ཕུལ་སོང་བ་སོགས། གནས་སྐབས་ཐུགས་གསོའི་གསོལ་འདེབས་ལྗགས་རྩོམ་དང་དགོངས་རྫོགས་ཞལ་བཀོད་རྣམས་རིམ་བཞིན་གནང་སོང་བ། ཇི་ལྟར་སྒྲུབ་ཚུལ་རྣམས་རྒྱས་པ་འོག་ཏུ་གསལ་ཞིང༌། ཚེས་ལ་སྤུར་མཆོད་ཉིན་ཡབ་རྗེ་རྡོ་རྗེ་འཆང་ནས་སྙིང་པོ་ཀྱཻ་རྡོ་རྗེའི་གསུང་ཆོག་རྒྱས་པ་རྗེ་བཙུན་རིན་པོ་ཆེའི་དུས་མཐའི་ཆོ་ག་བཞིན་གྱིས་བྱང་བུ་སྲེག་བྱང་ལམ་སྟོན་སོགས་བཀའ་དྲིན་བསྐྱངས་ཤིང༌། ཞག་ཤས་ནས་རྡོ་རྗེ་ཕུར་པའི་རྡུལ་ཚོན་ལ་བརྟེན་སྒྲུབ་མཆོད་སློབ་དཔོན་ཡབ་རྗེ་རྡོ་རྗེ་འཆང་ནས་མཛད་ཅིང༌། ཆོག་གྲྭ་ངོས་རང་བན་ཚང་པ་ཚོགས་ཡོངས་བཅས་ནས་གཟིམ་ཆེར་ཞག་བདུན་དང༌། བྱང་གཏེར་ཐུགས་སྒྲུབ་ཚོགས་མཆོད་ཕྱག་ཆ་བསྙེན་བཀུར་ཟབ་མ་བཅས་མཛད་ཅིང༌། འདི་ལོའི་ཕུར་སྒྲུབ་སློབ་དཔོན་ཀྱང་མཛད། དངོས་གཞི་ཐོག་ཚེས་དྲུག་ལ་སྣ་ལྔའི་བརྒྱ་མཆོད་མང་ཐུག་འགྱེད་སོགས་ཀྱི་ཐོག སྐྱབས་མཆོག་དེ་ཉིད་ལ་མཆོད་བསྔོ་རྒྱས་པར་མཛད་ཅིང། དེ་ནས་དགུན་བཞུགས་