R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༣
[A:༧༦༣]ལས་ལྷོ་བྱང་ལས་སྣེ་དྲུང་རིགས་བཅས་ནས་ལེགས་འབུལ་མཛད་ཆེན་བཞིན་ཕུལ་སོང༌། མེ་བྱ་ལོ་རྒྱལ་ཟླའི་ནང་སླར་དབུས་ཕྱོགས་གནས་ལེན་ཕེབས་བཞེད་ཀྱིས་ལམ་ཡིག་སོགས་ཞུ་གནང་གིས་མགོན་ཁང་ཁག་གི་ལམ་གཏོར་ཕལ་ཆེར་མེ་ཕག་ལོ་བཞིན་མཛད་དེ། ཟླ་དེའི་ཚེས་བཅུ་དགུ་ལ་ཡབ་རྗེ་རྡོ་རྗེ་འཆང་དང༌། གདུང་སྲས་འཇམ་དབྱངས་བཟང་པོ་མ་ཡུམ་མཆོག་དང༌། སྲིང་མོ་རྗེ་བཙུན་དངོས་དབང་མ་བཅས་དང༌། མཛོད་པ་བསམ་ལྟེ་བ། གཉེར་ཚབ་གཟིམ་ཟུར་འཇམ་དབྱངས། རྩེ་ཕྱག་ཚེ་བཀྲས་གསོལ་ཆེ་མང་བྱམ། གཟིམ་ཆེ་ཀུན་བྱང༌། ཡོངས་འཛིན་ཕྲ་མར་བསྟན་རིན། དབུ་ཆེ་བསོད་བཟང་སོགས་བན་ཚང་པ། ཕྱག་གཉེར་དྲུང་རིགས་རགས་འདུས་བཅས་གཞི་ཐོག་ནས་ཆིབས་བསྒྱུར་བ་བདག་འདིར་ཡོད། གདུང་རིགས་རྣམས་ནས་སྔོན་ལམ་བཞིན་ཕེབས་སྐྱེལ་མཇལ་དར། པུ་ཏྲའི་བཞུགས་ཁང་དུ་སྐུ་ངོ་བྱིངས་དང་འདིར་ཡོད་ཕྱག་ཚབ་དྲུང་ཆེ་སྒོ་ཤར་བ་དང༌། ཀུན་བྱང་དྲུང་ཆེ་མགོན་པོ་ཟུང་གིས་མཚོན་དྲུང་རིགས་སོགས་ནས་ཕེབས་སྐྱེལ་མཇལ་དར་དང༌། ཐབ་སྐྱེལ་དང་བར་ལམ་གྱི་མཛད་སྒོ་རྣམས་ཕལ་ཆེ་མེ་ཕག་ལོ་བཞིན་མཛད་དེ། རྟ་ཟླའི་ཚེས་འགོར་ལྷ་ལྡན་དུ་ཕེབས་པར། དེ་སྐབས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་ནས་ལུགས་གཉིས་ཐུགས་འགན་བཞེས་ཏེ། བོད་འབངས་རྣམས་བདེ་སྐྱིད་ཀྱི་དགའ་སྟོན་ལ་ཅི་དགར་ལོངས་སྤྱད་ཆོག་སྐབས་ཡིན་པས། སྔོན་ལམ་ཐབ་བསུ་དང་དྲུང་རིགས་ནས་ཕེབས་བསུ་སོགས་ཟབ་རྒྱས་མཛད། དེ་