R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༧
[A:༧༦༧]སྣ་བས་ཞུས་ཏེ་ལོ་ལྟར་གྱི་དངུལ་སྐྱེད་ས་སྐྱ་བར་རྩིས་ཞུ་བ་སོགས་གཞུང་ས་མཆོག་གི་ཐུགས་རྗེ་དང་བཀའ་དྲིན་ནི་བསམ་ལས་འདས། དེ་ནས་རིང་པོ་མ་ཡིན་པར་ཐོན་ཕྱག་སོགས་ཞུ་གདན་གྱིས་གཞུང་ས་ནས་ཕེབས་སྐྱེལ་བ་སྔར་བཞིན་གྱི་བྲག་ཡེར་པ། ཚལ་གུང་ཐང་སོགས་གནས་གཟིགས་བསམ་ཡས་སོགས་ལྷོ་གནས་མཆོད་འབུལ་གནས་མཇལ་དང༌། གདུལ་བྱ་རྣམས་ཐར་ལམ་ལ་འགོད་བཞིན་པར། གམ་པ་ལ་ནས་དཔལ་བདེ། སྣ་དཀར་རྩེ། ཡར་འབྲོག་ཐར་ཆོས། རྒྱལ་རྩེ་གུར་པ་གྲྭ་ཚང༌། པ་རྣམ། གཞིས་རྩེར་བླ་བྲང་ནས་ཐབ་བསུ་ཕེབས་བསུ་འཚམས་དར་བསྟར་བ་སོགས་སྔར་ལམ་བཞིན། དེ་ནས་བཞུགས་མཚེར་ཡབ་གཞིས། ཀུན་གཟིགས་མཇལ་ཕྱག་སོགས་མཛད། བཀྲས་ལྷུན་ནས་ཐབ་སྐྱེལ་ཕེབས་སྐྱེལ་སོགས་གྲུབ་ནས། སྣར་ཐང་གངས་ཅན་ཤབ་དགེ་སྡིང༌། ཚ་གཞིས་བཅས་ཀྱི་མཛད་སྒོ་རྣམས་ཕལ་ཆེར་མེ་ཕག་དབུས་ཕེབས་ལམ་བཞིན་མཛད་ནས། ས་ཁྱི་རྟ་ཟླའི་ཚེས་ལ་ག་དར་བཀྲ་ཤིས་དར་རྒྱས་སུ་མདོ་སྔགས་ཆོས་སྡེ་ཉི་ཟླ་ཟུང་འབྲེལ་གྱི་མཁན་ཆེན་དཔལ་བཟང་འཕྲིན་ལས་མཛོད་སྒོག་ཤར་དྲུང་ཆེ་བསམ་གཏན། ཀུན་བྱང་དྲུང་ཆེ་མགོན་པོ། གཉེར་ཚབ་བདེ་ཤར་ཀུན་བཟང༌། རྒྱ་ལས་ལྷོ་བྱང་ལས་སྣེ། བླ་ཁག་ལས་བྱེད། འདིར་ཡོད་ཕྱག་གཉེར་དྲུང་རིགས་རྣམས་གཟབ་མཆོར་དང་ལྡན་པས་ཕེབས་བསུ་མཇལ་དར་དེ་ནུབ་ཕྱིར་ལོག་སྟེ། དེའི་སང་ཉིན་སྔ་བར་ཨ་ཀྲོལ་ལ་རྩེར་བསངས་རྒྱས་པ། ཐབ་བསུའི་སར་གདུང་སྲས་ངག་དབང་ལྷུན་གྲུབ་རྒྱལ་མཚན་ཕེབས་ཡོད་དམ་