R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༦༨
[A:༧༦༨]སྙམ། ཆུ་ཁ་མའི་སྟེང་མགོན་ནུབ་འཆམ་མགོན་བརྒྱད། སྒྲོལ་ཕོའི་གནོད་སྦྱིན་ཆེན་པོ། རྒྱལ་པོ་རྣམས་སེར་ཕྲེང་བཅས་ཟབ་རྒྱས་རྣམས་ཀྱིས་མདུན་ནས་བསྟར་དེ་པུ་ཏྲིའི་བཞུགས་ཁང་དང༌། མདུན་སྐས་གཤམ་སོགས་སུ། ཕྱག་གཉེར་དྲུང་རིགས། བླ་ཁག་གཞི་ཐོག་ནང་ཁུལ་པ་ཕྱག་གཉེར་དྲུང་རིགས་དང་སྐུ་ངོ་བྱིངས་བདག་ཅག་གདུང་བརྒྱུད་རྣམས་ཀྱིས་མཇལ་དར་སྔར་ལམ་བཞིན་ཕུལ་ཏེ། ཚོམས་དམར་དུ་གཞུང་སྣེ་ཤན་རྩེ་དྲུང་བཅས་བཞུགས་གྲལ་ཇ་འབྲས་ལེགས་འབུལ། དཀར་སྤྲོ་སོགས་མེ་ཕག་བཞིན་གནང་ནས་རྩེར་ཕེབས། དེ་ནས་རིམ་བཞིན་མགོན་ཁང་ཁག་གི་གཏང་རག་སོགས་མཛད་ནས། ལོ་དེའི་དཔྱིད་ཀའི་ཟླ་བ་བཞི་པའི་ནང་ཉ་རའི་ཆབ་དམར་ཁ་མ་དྲོ་འདི་བཞིན་དགོས་ལུགས་གསུངས་པ། ཆབ་ཚན་བཟང་ཞན་ཇི་ལྟར་ཡང་གཙང་པོ་དང་ཁད་ཉེ་བས་ལྡིང་པོ་མི་ཡོང་ལུགས་སོགས་འགོ་བྱེད་རྣམས་ནས་ནན་ཞུ་བྱས་ཀྱང༌། དགོངས་བཞེད་ཇི་ལྟར་ཡིན་རུང་ཡེ་ནས་མ་གསན་པར། བེ་ཤར་གཉེར་ཟུར་ཀུན་བཟང་དང༌། སློབ་ཁང་ཁང་དཔོན་ཟུང་ནས་ཟུག་རྒྱབ་བགྱིས་ཏེ། ས་ཆོག་མ་རྒན་བསྟན་རིན་ནས་བགྱིས་ཡོད་དམ་སྙམ། རྩིག་པ་ཡར་ཙམ་ལོངས་སྐབས་རྩིག་སྟེང་དུ་སྔགས་པ་ཞིག་ཕུར་བུ་སྒྲིལ་གྱིན་བསྡད་པ་མིག་མཐོང་མཁན་གྱིས་མཐོང་ཚུལ། དེ་ནས་གཉེར་ཟུར་རྐང་འབམ་གྱི་ནད་མནར་བ་སོགས་དང༌། འདི་ལོ་ཕུར་སྒྲུབ་སློབ་དཔོན་ཡབ་རྗེ་རྡོ་རྗེ་འཆང་ཉིད་ནས་མཛད། ཚེས་བཅོ་ལྔ་ཡན་ལ་སྐུ་ཁམས་དྭངས་ཤིང་གསུང་བསྔོ་རྣམས་ལ་བསྔོ་བཤད་དང་བླ་མ་སོ་སོའི་རྣམ་ཐར་