R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡
[A:༧༡]མཚན་ལས་གླེགས་བམ་པོད་ནག་མར་གྲགས་པའི་ཆོས་ཀྱི་རྣམ་གྲངས་ལ། བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། ཕྱི་དཀྱིལ་གྱི་མངོན་རྟོགས་ཡན་ལག་དྲུག་པ། ལམ་དབང་བསྐུར་བའི་ཚུལ་ཟབ་ལས་ཆེས་ཟབ་པ། ཡང་ལམ་དབང་གི་ཉམས་ལེན་དགེ་བཤེས་ཀུན་རྒྱན་གྱི་ངོར་མཛད་པ། ལམ་ཟབ་བླ་མའི་རྣལ་འབྱོར་ཡར་ཀླུང་སེང་རྒྱལ་གྱི་ངོར་མཛད་པ། ཡང་ལམ་ཟབ་ཀྱི་ཡན་ལག་མདོ་སྟོད་པ་ཆོས་རྒྱལ་འོད་ཟེར་གྱི་ངོར་མཛད་པ། ལམ་འབྲས་ཀྱི་གཞུང་ཇི་ལྟ་བ་བཞིན་གྱི་ཁྲིད་ཡིག་སྦས་དོན་གསལ་བ། གནད་བཅུ་གཅིག་དང༌། གནད་དྲུག། དབང་པོ་རབ་འབྲིང་གསུམ་གྱི་སྒོ་ནས་བཀྲི་ཚུལ་གྱི་ཁྲིད་ཡིག་རེ་རེ། གཞུང་བཤད་མན་ངག་གི་མཛོད་རྣམས་སོ། །གསུང་ངག་གླེགས་བམ་ན་བཟའི་མིང་ལ་པོ་ཏི་དམར་ཆུང་དུ་གྲགས་པ་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གི་དཀར་ཆག་བཞིན་ཡོངས་རྫོགས་ཀྱི་ལུང༌། གཞན་ཡང་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ལམ་འབྲས་བུ་དང་བཅས་པའི་བཤད་ཐབས་ཀྱི་གདམས་ངག་གསང་བའི་སྒོ་འབྱེད། རྒྱུད་གསུམ་ལམ་རིམ་བསྡུས་དོན། ལམ་ཟབ་བླ་མའི་རྣལ་འབྱོར། རྒྱུ་དུས་ཀྱི་དབང་གི་རྟོགས་བསྐྱེད། བིར་སྲུང་གི་མན་ངག་བར་ཆད་ཀུན་སེལ། སྐུའི་རྣམ་འགྱུར་དྲུག་གི་དབྱེ་བ། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ་ཚིགས་བཅད་མ། དེ་ཉིད་ཉམས་སུ་བླངས་ཚུལ། ལུས་དཀྱིལ་རྩོད་སྤོང༌། ལྟ་བ་ངན་སེལ་གཉིས་ཚོགས་འཁོར་རྣམ་བཞག་གསང་བ་ཀུན་རྒྱན་དང་ཀུན་བཟང་རྣམ་རོལ་གཉིས། ཕྱི་བསྐྱེད་རིམ་གྱི་རྣམ་བཤད་ཟླ་ཟེར།