R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༤
[A:༧༧༤]དོན་དུ་རྩོད་རྩོམ་གཉིས་ཆར་དུས་མདོས་ཕུར་སྒྲུབ་སོགས་ཀྱི་གསུང་བསྔོར། བསྔོ་རྒྱུ་བསྔོ་བྱ་ཐ་དད་མི་ཐད་རྣམ་དབྱེ་གསུང་ངག་རང་ནས་མང་དུ་བཤད་པར་མཛད་པ་རྣམས་དོན་གྱི་མཁས་པའི་བྱ་བར་འགྲོའམ་སྙམ་མོ། །དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེ་བར་མཛད་ནས། བདག་ཅག་ལ་སོགས་པ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང༌། ཞིང་ཁམས་གཞན་དུ་འགྲོ་དོན་རྒྱ་ཆེ་བ་ལ་དགོངས་ནས་གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུས་པའི་ཚུལ་ནི། ས་ཕག་ཧོར་ཟླ་བཞི་པར་བདེ་མཆོག་དུ་ཞབས་ལ་སྐྲང་སྦོས་ཆེ་བར་སྨན་པ་རྣམས་ཀྱིས་ཞབས་བབས་བར་འཁྲུལ་ནས། ཊ་སྨན་མང་བའི་རྐྱེན་ལྟ་བུ་ཆབ་གཞི་སོགས་ཀྱི་སྙུན་འགོ་ཟུག་ཀྱང་བར་སྐབས་ཅུང་དྭངས་སྐྱེད་བཞེས་པར་ཚང་མས་རིམ་འཁྲུལ་ནས་དྭངས་ཡོང་མུར་ཟླ་བ་བཅུ་པའི་ནང་ངོས་རང་ཞབས་ལྷར་བསྙེན་སྒྲུབ་ཞིག་ལ་བསྡད་ཡོད་པ། མ་ཡུམ་མཆོག་ནས་རྗེ་བཙུན་པདྨ་འཕྲིན་ལས་གཏོང་གནང་གིས་ཆབ་བསགས་ཀྱི་སྙུན་ཆེ་བ་ཡོད་ལུགས་མཚམས་ཐོན་ཏེ་ཡོང་དགོས་ཚུལ་བཀའ་ཕེབས་ཞུས་ཏེ། གཞི་ཐོག་ཏུ་བཅར་བ་སྐུ་དང་ཕྱག་ཞབས་སྦོས་སྐྲང་ཆེ་ཡང༌། གསོལ་བ་ཞབས་འཆག་སོགས་གནང་བར་དེ་ཙམ་སྐུ་ངལ་ཆེ་བ་མེད་ཅིང༌། ཞལ་ཁྲོལ་སོགས་གནང་རྒྱུན་གཏན་ལས་ཀྱང་བདེ་ཉམས་ཆེ་བར་མཛད་པར། ཚང་མས་དགའ་མོ་ཡོང་ཤག་མུར་འགོ་ཟླའི་བཅུ་གཅིག་ཙམ་ནས་སྐུ་གཟུགས་ཤུགས་ཇེ་ཞན་ཇེ་ཆག་གིས་ཞབས་འཆག་ཀྱང་གནང་མི་ཐུབ་ཅིང༌། གསོལ་ཟས་ཀྱང་བཞེས་དཀའ་བ་བཅས་ཉེར་དགུ་བར་བཞུགས་