R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༥
[A:༧༧༥]ཤིང༌། འོན་ཀྱང་ཐུགས་དམ་རྒྱུན་པར་གནང་བ་རྣམས་ལས་སྔར་ལས་རྒྱུན་རིང་བ་གནང་བ་དང༌། གནམ་གང་ཉིན་ཁོ་བོས་བསྐང་གསོ་བརྒྱ་ཚར་སོགས་ཕྱིན་ཉིན་ཕྱེད་ཡན་གསར་འགྱུར་མེད་ཀྱང༌། དེ་ནས་ལྗགས་དབུགས་བྲེལ་ཕེབས་བཅས་ཁོ་བོ་བསྐང་ས་བརྡ་ལོན་བྱུང་འཕྲལ་ཕྱིན་པ་ཡིན་ཡང་དྲུང་མགོན་སྤག་ཚ་མོ་དབུར་བསྒྲོན་ཏེ་རླུང་བཅོས་ཞུ་ཁུལ་དང༌། ངོས་རང་ལ་གཟིགས་ཙམ་འདྲ་མོ་གནང་སྟེ། ངོས་རང་ལག་བསྟར་དུང་ཆོས་སུ་སྐུ་འཕེལ་གདུང་བྱིན་ཆེན་སྦྱར་བ་སོགས་ཕུལ་བཞེས་ཀྱིས་དགུང་གྲངས་ལྔ་བཅུར་ཕེབས་པ་ས་ཕག་ཧོར་ཟླ་བཅུ་གཅིག་པའི་ཚེས་གནམ་གང་གི་ཉིན་ཕྱེད་ཁར་འཕགས་པ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་བཞུགས་སྟངས་ལྟ་བུས་གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །མ་ཡུམ་མཆོག་དང་བདག་ཅག་རྣམས་འདི་བྱ་འདི་བྱེད་དང་བྲལ་བའི་ངང་ཚུལ་གྱིས་སེམས་ཁོང་དུ་ཆུད་ཀྱང་དྲན་བསྐྱེད་དེ་ངོས་རང་ནས་གསོལ་འདེབས་གསར་རྩོམ་དང༌། ཕུན་ཕོར་ཡང་ཞུ་གནང་གིས་སྔོན་ལམ་དེ་འཕྲལ་གཤེགས་ཇའི་ཐོག་འདོན་དགོས་སོགས་དང༌། ངོས་རང་རྣམས་གསོལ་འདེབས་འབད་བརྩོན་དང༌། མཁན་ཁྲི་དང༌། དབུ་བྱེད་བསྟན་རིན་སོགས་ནས་སྐུ་སྤུར་ཆས་བཞུགས་བྱས་སོང་བ། སྔོན་གྱི་བླ་མ་གོང་མ་རྣམས་ལ་ཐུགས་དམ་མ་གྲོལ་བར་འགུལ་བསྐྱོད་མི་རུང་བ་དང༌། ཐུགས་དམ་གྲོལ་ལྟས་བྱུང་བསྟུན་སྤུར་ཆས་རིགས་ལྔ་རྡོ་རྗེ་དྲིལ་བུ་སོགས་ཕུལ་ཚུལ་རྒྱུད་སྡེ་དགོངས་པ་རྨ་མེད་པ་ཡིན་ཡང་བར་སྐབས་ཤིག་ནས་སླ་ཆོས་འདི་བཞིན་