R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༧༧
[A:༧༧༧]རང་ནས་སློབ་དཔོན་བགྱིས་བན་ཚང་པ་སོགས་ནས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཞག་བདུན། སྐུ་ཚིགས་རྣམས་དང༌། ཞེ་དགུ་རྫོགས་པའི་དགོངས་རྫོགས་རྣམས་ལ་སྣ་ལྔའི་མཆོད་པ་ཚོགས་ཆེན་འགྱེད་མུ་སྟོས་བར་སྦྱིན་གཏོང་རྒྱ་ཆེར་མཛད་དོ། །དེ་སྐབས་ཨ་མདོ་བླ་མ་དགེ་འདུན་དང༌། ཨ་ལི་ཆོས་རྗེ་སོགས་འབྱོར་ཏེ་རྒྱ་དངུལ་མང་དུ་གཞུང་འབུལ་ཞུས་པ། སྒེར་གཞུང་བསྡོམས་པས་རྒྱ་རྡོ་བརྒྱ་སྐོར་བྱུང་བ་སོགས་གདུང་རྟེན་གྱི་རྒྱུར་གཏང་ཆོག་བྱུང་བ་ནི། དེ་བཞིན་གཤེགས་པ་གཤེགས་མཐར་མོ་འགལ་བུས་ཙན་དན་ཕུལ་བ་བཞིན་སོ་སོའི་ཐུགས་བསྐྱེད་སྨོན་ལམ་ལས་གྲུབ་པའོ། །དེ་ནས་ཕུན་ཕོར་སྔར་ལམ་བཞིན་ཁྲི་བའི་ལས་མཇུག་གནང་འཐུས་སྩལ་གྱིས་ལྕགས་བྱི་དབྱར་ལོ་རྩེ་ཟངས་བཟོ་དབུ་མང་རྣམས་ནས་བྱང་ཆུབ་མཆོད་རྟེན་བུམ་པ་བང་རིམ་ཅན་རིན་པོ་ཆེ་གཉིས་པ་ལས་གྲུབ་པ་ལ་ཁྲི་གདན་ཆོས་འཁོར་གསེར་ཟངས་ལས་གྲུབ་པ། བུམ་སྒོར་ཡབ་རྗེ་རྡོ་རྗེ་འཆང་ཉིད་བཞིན་བཞེངས་པ་བཅས། ཨོ་རྒྱན་ལྷ་ཁང་གི་ཤར་ངོས་སུ་བཞུགས་ལ་ནང་གདུང་རུས་བཏུལ་བའི་བླ་མ། ཡི་དམ། སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་སྐུ་གྲངས་མང་གིས་མཚོན་རིང་བསྲེལ་རྣམ་བཞི་སྤྱི་དང་བྱེ་བྲག་ནང་རྟེན་བྱིན་ཅན་གྲངས་མང་གིས་བཀང་བ་བཅས་གྲོ་བཞིན་ཟླ་ནང་ཕེར་ཟིན་ཏེ། ཕུན་ཕོ་འཇམ་དབང་ཆོག་གྲ་དང་བཅས་པས་དགེས་པ་རྡོ་རྗེའི་རྒྱས་པ་བདུན་པའི་སེར་ཚོགས་ཞབས་བསྐོར་དང་ཆབས་ཅིག་ཕྱི་བསྐོར་མེ་ཏོག་འཐོར་བ་མུས་གོས་སྐུ་ཞལ་ཕྱེ་སོགས། སྔོན་ལམ་བཞིན་མཛད་དོ། །ལོ་དུས་