R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༢
[A:༧༨༢]འདུས་པ་ཐོག་མཐའ་བར་གསུམ་གྱི་ཁྲིད་ཆོས་བྱུང་ཁོག་ཕུབ་དམ་ཚིག་ཕྱི་ནང༌། བསྐྱེད་རིམ་རྣམ་བཤད་རྣམས་མཁན་ཆེན་ངག་ཆོས་ཀྱི་གསུང་རྣམས་ཀྱིས་ཟུར་བརྒྱན་ཏེ། ཐོས་བསམ་གྱི་སྒྲོ་འདོགས་གཅོད་པར་མཛད་པ་དང༌། གཞན་ཡང་ལམ་འབྲས་དང་འབྲེལ་བའི་བྱིན་རླབས་སོགས་ཉི་ཤུ་སྐོར་ནས། ལམ་ཟབ་ཕྱི་ནང༌། རྟེན་འབྲེལ་སྲུང་བའི་བྱིན་རླབས་བཅས་གསན་པ་དང༌། སྣང་གསུམ་རྒྱབ་ཆོས་ལམ་འབྲས་བླ་མ་བརྒྱུད་པ་ཕལ་ཆེ་བའི་རྣམ་ཐར་གྱི་ལུང་དང་གཞན་ཡང་རྗེས་གནང་སྤྱི་བཀའ་སྒྲུབ་ཐབས་བརྒྱ་རྩ་རྗེས་གནང་དངོས་བདུན་ཅུ་དོན་གཉིས། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ས་འཇམ་སྦགས་སྒྲུབ་རྣམས་ཀྱི་བྱིན་རླབས་ཟུར་བཀའ། འཇམ་དཔལ་དཀར་ནག འཇམ་དབྱངས་དམར་སེར། སྨྲ་བའི་སེང་གེ གནས་བརྟན་བཅུ་དྲུག རྟ་ཕྱག་ཁྱུང་གསུམ། སེང་གདོང་སྔོན་མོ། སེང་སྒྲ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན། འབྱུང་འདུལ་རྣམས་ཀྱི་རྗེས་གནང༌། གུར་མགོན་ཁྲོ་བཅུ། ལྷ་བརྒྱད། ཞལ་བཞི་བསྙེན་དུས། དུར་བདག པུ་ཏྲའི་ཟུར་བཀའ། དཀར་བདུད། མགོན་དཀར། འཇམ་དཀར་འབྲུག་ཞོན། ཚོགས་བདག་ཁྱད་པར་བ། ཛམ་དམར་སྲོག་སྒྲུབ་རྣམས་ཀྱི་རྗེས་གནང༌། གཞན་ཡང་སྔ་ཕྱི་གསན་པ་རྣམས་ཕྱོགས་གཅིག་ཏུ་བརྗོད་ན། རྡོ་རྗེ་གཞོན་ནུའི་སྟོད་ལས། སྨད་ལས་གཉིས་ཀྱི་དབང་ཆེན། བདེ་མཆོག་ནག་པོ་ལུགས། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཐམས་ཅད་རིག་པ། ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང་ཆེན་