R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༣
[A:༧༨༣]གསན། ལུང་སྐོར་ལ་ཕུར་པའི་སྒྲུབ་ཐབས་རྒྱས་པ་ཕུར་ཆེན་དུ་གྲགས་པ་དང༌། ཕུར་དཀྱིལ་གཏོར་བསྔོ་བསྐང་བ་འགོ་ལུགས་ཆོས་ཉིད་མ། བསངས་དཔེ་ཆེན་མོ། དམག་ཟོར་མའི་དགོས་སྐོང༌། ཚེ་རྟ་ཟུང་འབྲེལ་གྱི་དབང་སོགས་དང༌། གུར་མགོན་ཆོས་སྐོར་དབང་ཆེན་ལྔ། ཁྲོ་བཅུ་ལྷ་བརྒྱད། ལྷ་བཅུ་གཉིས་མ། པུ་ཏྲ། བྲན་བདུད་རྣམས་ཐུན་མིན་གཉིས། ཟངས་གྲི་རྣམ་གཉིས། དུད་སོལ་ཕྱི་གསང་གཉིས་རྣམས་ཀྱི་རྗེས་གནང༌། ཕྱི་ཁྲིད་བྲག་རྫོང་མ་ཕྱི་ནང་གསང་གསུམ་དང༌། རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་གསང་ཁྲིད། གསེར་ཆོས་དམར་པོ་སྐོར་གསུམ་ངོར་ལུགས་ཀྱི་རྗེས་གནང༌། དམར་ཆུང་སྐོར་གསུམ་རྗེས་གནང༌། གནོད་སྦྱིན་རྩིའུ་དམར་པོའི་སྲོག་གཏད་སོགས་གསན། ཡབ་རྗེ་རྡོ་རྗེ་འཆང་ཐེག་ཆེན་བཀྲ་ཤིས་རིན་ཆེན་གྱི་དྲུང་ནས། ཕུར་དབང་ཀྱཻ་རྡོ་རྗེ་དབང་སོགས་གསན་ཚུལ་གོང་བཞིན་དང༌། གཞན་ཡང་ཉང་གཏེར་གུ་དྲག་དང༌། ཚེ་རྟ་བླ་མ་ཞི་ཁྲོ་སྣུབས་ལུགས་བྱད་གྲོལ། མི་གཡོ་བ་དཀར་སྔོན་རྗེས་གནང་སོགས་གསན། ས་སྐྱ་པ་མགོན་པོ་དངོས་གྲུབ་དཔལ་འབར་དྲུང་ནས་ཚེ་རྟ་ཟུང་འབྲེལ་གྱི་དབང་ཡབ་རྗེ་སྐུ་མཆེད་གཉིས་ཆར། བདག་ཁྲི་ཀུན་དགའ་བསོད་ནམས་དྲུང་ནས་རྟ་མགྲིན་ཡང་གསང་དབང་ཆེན་གྱི་ལྔ་གཟས་གདོང་གི་བཀའ་གཏད་ཚེ་ཡི་རྫོང་ཆུང་བཅས་དང་མགོན་པོད་མེ་འབར་ཁ་སྐོང༌། སྙན་བརྒྱུད་ཡང་སྐོང༌། དུད་པོད་སོགས་ཀྱི་ལུང་དང༌། ཚེ་དབང་ལྕགས་སྡོང་མ། གཙུག་གཏོར་འབར་བ། ཐུགས་ཆེན་འཁོར་བ་