R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༤
[A:༧༨༤]དོང་སྤྲུག ཕྱག་ཆེན་ཟུང་འཇུག་གཉན་སྒྲོལ། དུས་འཁོར་ལས་གསུངས་པའི་ཐུན་མོང་ལས་སྒྲུབ་པའི་ལྷ་གསུམ་གྱི་རྗེས་གནང་སོགས་གསན་ནོ། །གཞན་ཡང་སྔ་ཕྱི་དམ་པ་འགའ་ཞིག་ལས་གསན་པ་རྣམས་ཕྱོགས་གཅིག་ཏུ་བཀོད་ན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཉིད་ཐ་མལ་བའི་ཚུལ་བཟུང་བ་རྟ་མགྲིན་དབང་མོའི་དྲུང་ནས། བྱང་གཏེར་ཚེ་དབང་ལྕགས་སྡོང་མ། གསང་འདུས་འཕགས་ལུགས་དང་ཡེས་ཞབས་ལུགས། གཤེད་དམར་ལྷ་ལྔ། འཇིགས་བྱེད་རོ་ལངས་བརྒྱད་སྐོར། འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མ། གདུགས་དཀར་ཉེར་བདུན་མ། ཀུ་རུ་ཀུ་ལླེ་ལྷ་ལྔ། མི་འཁྲུགས་ལྷ་དགུ། སློབ་དཔོན་ཛཱེ་ཏ་རའི་ལུགས་ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང་ཆེན། ཚེ་དབང་མདའ་འཕེལ་མ། གྲུབ་རྒྱལ་མ་རྣམས་ཀྱི་དབང༌། གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུ། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་ཁྱུང་ནག ཁྱུང་དམར། སྒྲོལ་མ་དམར་མོ། བཀའ་གདམས་ལྷ་བཞི་ཀླུ་དབང་ལྷ་ལྔ། ཚེ་དཔག་མེད་དཀར་པོ། སྒྲོལ་དཀར་བཀའ་བབས་དགུ་ལྡན་ཁྲོ་མོ་སྨེ་བརྩེགས། སྨེ་བརྩེགས་དུད་ཁ། སྨན་བླ་མཆེད་བདུན་རྣམས་ཀྱི་རྗེས་གནང་སོགས་དང༌། ས་སྐྱ་པའི་གསེར་ཆོས་མཁའ་སྤྱོད་སྐོར་གྱི་བྱིན་རླབས། ནཱ་རོ་མཁའ་སྤྱོད་མའི་ཉམས་ཁྲིད་ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས། རྨོར་མཛད་མཁའ་སྤྱོད་སྐོར་གསུམ་གྱི་པོད་ལུང༌། རྗེ་བཙུན་རིག་མ་ཕྱི་སྒྲུབ་དང༌། ཚར་ཆེན་ཡིག་སྟེང་ཐུན་མིན་རྗེས་གནང༌། གསང་སྒྲུབ་ལྷ་ལྔའི་བྱིན་རླབས། ཚོགས་བདག་དམར་ཆེན་ཐུན་