R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༥
[A:༧༨༥]མིན་དང༌། ཇོ་ཕྱག་བཞི་པ། ཆགས་རྡོ་རྗེ། འདོད་རྒྱལ་གསང་སྔགས་སྒྲ་རྣམས་ཀྱི་རྗེས་གནང༌། དབང་པོད་རྣམས་ཀྱི་ལུང༌། ནི་གུ་ཆོས་དྲུག་གི་ཆོས་སྐོར་ཆ་ཚང༌། ཞེན་པ་བཞི་བྲལ་གྱི་ཁྲིད་དང༌། ཡིག་སྐོར་ལུང༌། ལམ་འབྲས་དང་འབྲེལ་བའི་བྱིན་རླབས་སོགས་གསན་སྐོར་ལ། བིར་སྲུང་ཕྱི་ནང༌། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ་བརྡ་དོན་གསལ་བ། བརྡ་ཚིག་བརྒྱུད། ལམ་སྦས་བཤད། རྣམ་འཇོམས་བིར་ལུགས། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་འདེབས་སོགས་ཀྱི་བྱིན་རླབས། ལུང་སྐོར། ལྷ་ཆེན་ཆོས་སྤྱོད་རབ་གསལ། ཕུར་ཆུང་དུ་གྲགས་པ་བསྙེན་སྒྲུབ་གསལ་བྱེད་ས་ལོས་མཛད་པ། ཨ་མེས་ཞབས་ཀྱི་ཀྱཻ་རྡོ་རྗེ། བདེ་མཆོག བདག་མེད་མ། ནཱ་རོ་མཁའ་སྤྱོད་རྣམས་ཀྱི་མངོན་དཀྱིལ་དང༌། ཀུན་རིག་དང་ཚེ་ཆོག སེང་སྒྲའི་འདོན་སྒྲོལ་སོགས་ཀྱི་ལུང༌། ཀུན་བློའི་བརྒྱུད་འདེབས་ཆེན་མོ། རི་ཁྲོད་མའི་བུམ་ཆོག་བརྒྱ་བཞི། འབྱུང་བཞི་གཏོར་མ། གཏོར་མ་བརྒྱ་རྩ། སྨན་བླའི་མདོ་ཆོག འདོད་དགུ་ཡོངས་འཁྱིལ། དམ་ཚིག་རྡོ་རྗེའི་སྒོམ་བཟླས། ཀུན་བཀྲས་གསུར་བསྔོ། དབང་སྙིང་བསྟན་པ་གསོལ་ཆོག་སོགས། ས་ལོའི་མགོན་པོ་དྲུག་ཅུ་མ། ཀུན་བཀྲས་ཞབས་ཀྱི་གཏོར་བཟློག་བསམ་དོན་ཀུན་འགྲུབ་སོགས་ལུང་གི་རིགས་བཅས་རྒྱ་ཆེར་གསན། དཔོན་སློབ་བཟོད་པ་ཕུན་ཚོགས་ལས་ཀྱཻ་རྡོ་རྗེ་རྒྱུ་ལམ་གྱི་དབང་དང༌། མགོན་པོ་ཞལ་བཞི་པའི་རྗེས་གནང་རིགས་ཁྲིད་ལུང་ཡོད་རིགས་བཅས་ཆ་ཚང་གསན། དཔོན་སློབ་ཤེས་རབ་ཕུན་ཚོགས་ལས་རྣམ་སྲས་