R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༩
[A:༧༨༩]བསྐྱེད་ཆེན་མོ་ལྷ་ཆེན་ཕུར་ཁང་དུ་གོས་སྐུ་གོས་ཡོལ་སོགས་སྔོན་ལམ་བཞིན་ཟབ་མ་སློབ་མ་རྗེས་འཛིན་ལྗགས་བསྙེན་ཁ་གསོ་སློབ་མས་བསགས་སྦྱངས། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དབང་ཟབ་མ། སྔོན་འགྲོ་རྣམས་དང༌། དངོས་གཞི་རྒྱུད་གསུམ་ལྟ་ཁྲིད་ཕྱི་དཀྱིལ་ལམ་དབང༌། ནང་དཀྱིལ། བདག་མེད་མའི་བྱིན་རླབས། དབང་གོང་མ་གསུམ་གྱི་ཉམས་ཁྲིད་གཞན་ཡང་གྲུབ་ཆེན་བརྒྱད་ཅུ། སྒྲུབ་ཐབས་བརྒྱ་རྩ་སོགས་དང༌། ཟུར་བཀའ་རྗེས་གནང་མང་བ། གུར་མགོན་ཁྲོ་བཅུ་ལྷ་བརྒྱད། ཞལ་བཞི་བསྙེན་དུས། དུར་བདག་པུ་ཏྲའི་ཟུར་བཀའ། དཀར་བདུད་སོགས་ཀྱི་རྗེས་གནང༌། གྲོལ་ཉིན་ཚེ་དབང་སོགས་ལུང་མར་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་བཀླགས་པས་དོན་འགྲུབ། ཕུར་དཀྱིལ། གཏོར་བསྔོ་དང༌། བསངས་དཔེ་ཆེན་མོ། བསྐང་གསོ་འགོ་ལུགས་ཆོས་ཉིད་མ་སོགས་ཀྱི་ལུང་སོགས་བསྩལ། ལམ་འབྲས་གྲོལ་ནས་དཔལ་ཆེན་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང༌། སྨད་ལས་དྲག་པོ་སྒྲོལ་དབང༌། གུར་དྲག་དབང་ཆེན། ཀུན་རིག་གི་དབང་སོགས་སྩལ་བར་གུར་དྲག་ཉིན་གྲོ་བཞིན་ཟླ་བའི་གུར་དྲག་གྲོལ་ཏེ་བྱང་པ་ཚུར་ཕེབས་པ་དང༌། འདི་ནས་དབང་གྲོལ་མ་ཁ་ཐག་ལ། ལམ་འབྲས་པ་ཁམས་གྲྭ་ཚོ་གཅིག་དང༌། ཚུར་ཡོང་ཕྲད་ནས་བསམ་དབོན་ཀུན་དཔལ་ཞེས་པ་ཆོས་བྱང་གི་སྐར་མེའི་སྐོར་ལ་འཁྲུག་ཤོར་གྱིས་རྒྱག་རེས་ཀྱང་ཕྲན་བུ་ཐུག་པ། སང་ཉིན་ཆོས་བྱང་ལས་ཚན་པར་ཐུགས་ཁྲིམས་དྲང་མིན་བྱུང་བ་ལྟ་བུས། ཁམས་གྲྭ་རྒྱ་སྐེག་ཆོང་