R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༠
[A:༧༩༠]གཟི་སོགས། གསུམ་བཞི་ཞིག་གྲི་བཏོན་ཏེ་ཀི་སྒྲ་བཏོན་རྐྱེན་རྒྱལ་སྒོ་སོགས་མནན་ཏེ། ཁམས་གྲྭ་རྣམས་ལྕགས་རི་སྟེང་ཤོར་བ་མདུན་འཁོར་ནས། དམག་བསྐུལ་ཏེ་ལྕགས་རི་ཕྱོགས་གཡས་གཡོན་ནས་བཅུར་བས། ཁམས་གྲྭ་གཅིག་ལྕགས་རི་ཁ་ནས་མཆོངས། མི་ལྔས་རྡོ་འཕངས་རྐྱེན་དུས་ཆོས་སུ་གྱུར་བ་དང༌། གཞན་རྣམས་བཟུང་བཀྱིགས་ཀྱིས་རྒྱལ་ཁྲིམས་ར་བར་ཚུད་པ་ནི། ཕུར་སྒྲུབ་བདག་ཁྲི་ཀུན་བསོད་མཆོག་ནས་གནང་བའི་རྗེས་ལོ་དེར་རང༌། འདི་ལོ་ནད་ཆེན་ཀྱང་བྱུང་ལོ་བཅས། ལམ་འབྲས་ཐོག་མ་གནང་བ་པོ་ཅུང་ཟད་འཚུབ་ཉམས་བྱུང་བ་ནི། རྗེས་སུ་གཉིས་ཆར་ལ་སྐུ་འཚོར་བར་ཆད་ཀྱི་རྟགས་སུ་མངོན་པ་འདྲའོ། །ལྕགས་འབྲུག་ལོ་ཁོ་བོ་རང་ལོ་བཅུ་པར་ཕུར་སྒྲུབ་ཐོག་མར་སྐྱོད་སྐབས་ཕུར་སྒྲུབ་ཟབ་མའི་སློབ་དཔོན་ཡབ་རྗེ་སྐུ་མཆེད་གཉིས་ནས་མཛད་སྐབས་དང༌། ལྕགས་སྦྲུལ་དབྱར་ལོ་རྟ་ནག་སྒྲོལ་ཕུག་ཕྱོགས་ཕེབས་ཞོར་བྱང་ཕེབས་ཀྱིས་གཡག་པ་དང༌། ནག་ཚང་ཚོ་དྲུག་སོགས་ཀྱིས་གདན་ཞུས་ཀྱིས་གདུལ་བྱ་རྣམས་ཀྱི་རེ་བ་སྐོང་བར་མཛད་ཅིང༌། ཕྱོགས་དེར་ཤེལ་ཚ་རྒྱལ་མངས་མར་གྲགས་པ་སྔོན་ས་སྐྱ་པའི་རིང་རུས་ཀྱི་ཐོག་མར་རིགས་གསུམ་མགོན་པོའི་རྣམ་འཕྲུལ་གནམ་ལྷ་མཆེད་གསུམ་ནམ་མཁའ་ནས་གངས་དེ་ཉིད་ཀྱི་རྩེ་མོར་བབས་པར་གསུངས་པ་དང༌། དེ་ནས་རིམ་བཞིན་རིགས་གཡའ་སྤང་སྐྱེས་བཞུགས་གནས་ལ། དེང་སང་ཡང་གཡའ་སྤང་སྐྱེས་སུ་གྲགས་པ་ཆོས་སྐྱོང་དཀར་བདུད་ལྕམ་དྲལ་གནས་པ་སོགས་ལ་ཁྲུས་གསོལ་རབ་གནས་བསངས་གསོལ་གསེར་སྐྱེམས་རྩེ་