R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༡
[A:༧༩༡]མོར་ཆོས་སྲིད་དར་རྒྱས་རྟེན་འབྲེལ་དུ་དར་ཆེན་བསྒྲེང་བ་སོགས། གཡའ་སྤང་བླ་མཚོར་ས་བཅུད་བུམ་གཏེར་སྦས་པ་སོགས་མཛད་ཅིང༌། གཞན་ཡང་བོད་ཀྱི་གངས་ཆེན་བཞི་རྟ་སྒོ་བཙན་གྱི་གངས་སོགས་གནས་རྣམས་ལ་ཁྲུས་གསོལ་རབ་གནས་སོགས་མཛད་པས། དེ་ནས་བཟུང་ཁུལ་དེ་རྣམས་སུ་མི་ཕྱུགས་ལ་ནད་མུག་འཁྲུག་རྩོད་མེད་ཅིང༌། ཕྱུགས་འཕེལ་བ་སོགས་བདེ་ལྡན་དུ་གྱུར་བ་བྱུང་འདུག དེ་སྐབས་ཡིན་ནམ་སྙམ་པ་ཤངས་ཁུལ་སློབ་དཔོན་ཆེན་པོའི་སྒྲུབ་གནས་ཟབ་ཕུ་དང༌། སོག་པོའི་གནས་རྟེན་རྣམས་གཟིགས་ཤིང༌། ཚེས་བཅུའི་མཆོད་པ་དང་ཚོགས་བརྒྱ་སོགས་ཀྱང་ཟབ་ཏུ་མཛད་སྐད་འདུག ལོ་དེའི་ཟླ་བ་དགུ་པའི་ཟླ་མཇུག་དེར་ཕེབས་ཐབ་བསུ་སེར་ཕྲེང་སོགས་ཀྱང་ཟབ་པར་བགྱིས་སོ། །ལྕགས་སྦྲུལ་ལོ་སོགས་དེའི་སྔོན་ཙམ་ནས་བཟུང་འཆམ་གཟིགས་ཟབ་གསོལ་ཆེན་མོའི་སློབ་དཔོན་རྟག་པར་གནང་ཞིང༌། དེ་སྐབས་ངོས་ལ་སྐབས་རེ་རྨ་ཤུ་སོགས་མང་ཙམ་ཞིག་ཡོད་པ། མཁན་ཆེན་བཀྲ་ཤིས་ཆོས་འཕེལ་ཉིད་ནས་འབྱུང་འདུལ་གྱི་བསྙེན་པ་ཞིག་གནང་ན་ངེས་པར་དྲག་གོ །གསུངས་པ་བཞིན། སྔར་ལོ་སྐྱབས་རྗེ་ཉིད་ཕེབས་འགྲུལ་ཕེབས་གོང་ངོས་ལ་ཕྱག་ན་རྡོ་རྗེ་འབྱུང་འདུལ་གྱི་རྗེས་གནང་ལུང་བཅས། གུར་ལྷ་བརྒྱད། ཞལ་བཞི་བསྙེན་དུས། དུར་བདག དཀར་བདུད་རྗེས་གནང་སོགས་བསྩལ་ཏེ། མཚམས་ཐོན་པ་ནས་བཟུང་མཁན་ཆེན་གྱི་ལུང་བསྟན་ཐོག་ཏུ་བབས། འདི་ལོ་ལྷ་ལྡན་སྨོན་ལམ་ཆེན་མོར་འཁྲུག་འཛིངས་ཆེ་ཙམ་གྱིས་བལ་པོའི་ཚོང་ཁང་གཏོར་བ་སོགས་ཀྱི་