R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༢
[A:༧༩༢]རྐྱེན་པས་བལ་པོ་ཚང་མ་རང་ཡུལ་དུ་ཕྱིར་ལོག གཞུང་ས་ནས་ས་དབང་ལྷ་ཀླུ་ཕེབས་པ་སོགས་བལ་བོད་ཟིང་གཞི་ཡོང་རྒྱུར་ཕལ་ཆེར་ཐག་ཆོད་སྐབས། མཁན་ཟུར་བྱམས་པ་བཀྲ་ཤིས་ཆོས་འཕེལ་དེ་ཉིད་ནས་དམག་མི་ཡོང་བ་ངོས་ཀྱིས་ཁག་ཐེག དེ་ལས་སྐྱབས་རྩེ་ཕུན་ཕོ་དང༌། སྒོ་སྤེ་གཉིས་ལ་སྐུ་གེགས་ཤིན་ཏུ་ཆེ་བར་འདུག་པས་ཞབས་བརྟན་གནང་ཞུས་ཤིག་ཁོང་ཚོ་ལ་གནང་རྒྱུ་མེད་པ་ནི་མི་འདུག་ཅེས་ངོས་ནས་ཟེར་བ་ཞུས། ཞེས་སྐུ་མདུན་དུ་མི་བྱུང་ཚད་ལ་གསུངས་འདུག་ཀྱང་ཞབས་བརྟན་རང་གི་སྐབས་མཚམས་མ་གཏོགས་བྱུང་ཚོད་དུ་མི་འདུག ཇི་ལྟར་གསུངས་པ་བཞིན། བལ་བོད་གཉིས་ཆིངས་སྒྲིག་གིས་དམག་མ་བྱུང་ཞིང༌། ཕུན་ཕོར་བདག་ཁྲི་ཀུན་དགའ་བསོད་ནམས་ཆུ་རྟ་ས་ག་ཟླ་བའི་ནང་དགོངས་པ་རྫོགས་ཤིང༌། སྒོ་སྤེ་ཁུ་དབོན་རིན་པོ་ཆེ་དེ་ཉིད་ཀྱང་དེའི་རྗེས་ཙམ་ལ་སྔགས་འཆང་དགེ་བསྙེན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པར་སྐུ་གེགས་ཀྱི་རྣམ་པ་ལྟ་བུར་གསུང་རྒྱུར་འདུག་ཀྱང༌། རྐྱེན་ནི་དེ་སྐབས་ཁྲི་ཐོག་གོང་མ་གཤེགས་པས་ཡབ་རྗེ་རྡོ་རྗེ་འཆང་ཉིད་ལ་ཐུགས་འགན་བཞེས་མཚམས་སུ་སླེབས་པར་བརྟེན། ཕྱག་རོགས་ལྟ་བུར་ལྷ་བླའི་ལུང་བསྟན་ནམ་འོད་གསལ་དུ་ཤར་བ་གང་ཡིན་ཡང་སྔ་དུས་ནས་བཟུང་ས་གཞུང་འདི་བཞིན་འཐུས་ཤོར་གྱིས་སྟོབས་འབྱོར་དམན་ཞིང༌། དུས་དབང་གིས་མིག་ལྟོས་ངན་འགྲན་ཁོ་ནས་བསྟན་སྲིད་ཀྱང་ཚགས་སུ་ཚུད་མིན་སོགས་ལ་བརྟེན། གནས་ཚུལ་འདི་བཞིན་གནང་བ་ཐུགས་འགན་བཞེས་པ་