R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༣
[A:༧༩༣]ནས་བཟུང་ས་གཞུང་རང་སྟོབས་མཁོས་སོགས་ཅུང་དྲག་ཏུ་སོང་བ་ཚང་མས་ཤེས་ཚོད་ཡིན་སྟབས། དེས་ན། བྱང་ཆུབ་སེམས་དཔའི་དགེ་སློང་ལ། །གཞན་དོན་གྱུར་ན་ལྟུང་བ་མེད། །ཞེས་སོགས་དང༌། ཐེག་ཆེན་གཞན་གྱི་དོན་ཡོད་ན། །འདོད་ཆེན་ལྟུང་བ་མེད་ཅེས་གསུངས། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོ་སོར་ཐར་རིགས་བདུན་གང་ཡིན་ཡང་རང་འདོད་ཀྱི་འཁྲི་བ་མེད་པར་གཞན་དོན་རྒྱལ་སྲས་ཀྱི་སྤྱོད་པར་གྱུར་ན། ཕམ་ལྟུང་མ་འབྱུང་བའི་ཁར་བསྐལ་པ་མང་པོའི་ཚོགས་བསྡུམ་པར་གསུངས་པས་སོ། །གང་ལྟར་འདི་ལོ་ཞབས་ལྟར་ཞིག་ལྷར་བཞུགས་ཏེ། ཆུ་ལུག་རྒྱལ་ཟླའི་ཚེས་འགོར་གཞི་ཐོག་ཏུ་ཕེབས་ཚུལ་སོགས་ཕལ་ཆེར་གོང་ཡབ་རྗེ་བཞིན་དང༌། འདི་ལོ་དབོ་ཟླའི་ནང་སྐུ་མཆེད་ཨ་ལྕེ་དྲུང་རྗེ་བཙུན་སྐལ་བཟང་ཆོས་སྒྲོན་ཞལ་མ་བཞུགས་པར་སྙུན་སྐབས་དང་དགོངས་རྫོགས་སོགས་སྒྲུབ་པར་ཞབས་ལྷར་ཕེབས་ཤིང༌། དེ་ནས་འཆམ་གཟིགས་སྐབས་སྒྲོལ་ཕོར་ཕེབས་བཞུགས་བཀའ་དྲིན་བསྐྱངས་ཏེ། ཡབ་རྗེ་མཆོག་ནས་ཁོ་བོ་སོགས་ལ་གུར་མགོན་ཆོས་སྐོར་སོགས་གནང་སྐབས། གཅུང་པོ་ཁུ་དབོན་རིན་པོ་ཆེ་ཉིད་ནས་འདི་ལོ་དུས་མདོས་ཆེན་མོ་ཟབ་རེས་དང༌། ཁྲི་ཕེབས་སོགས་སྔ་ཕྱིའི་དེབ་རྙིང་རྣམས་དང༌། ཉེ་དུས་བདག་ཁྲི་གོང་མ་རྡོ་རྗེ་རིན་ཆེན་སོགས་སྐུ་མཆེད་གསུམ་ཕེབས་སྐབས་ལམ་དེབ་སོགས་གོ་སྒྲིག་གིས་ཐུགས་བྲེལ་དང༌། དབུ་ཆེ་ཆོས་བཟང་ནས་སྔོན་དུས་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་གཟིགས་སྣང་དུ་འཁྲུངས་པའི་འཆམ་ཚུལ་རྣམས་ཀྱི་འཆམ་ཡིག་རྙིང་མ་